ལྔ་གཅིག་དུས་ཆེན་གྱི་གུང་སེང་སྐབས་སུ་ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་མི་ཁྲི37ལ་སྣེ་ལེན་བྱས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར3.7རག

བདེ་སྐྱིད་ཀྱིས་བསྒྱུར།        2018-05-03

    གསར་འགོད་པས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ལྔ་གཅིག་དུས་ཆེན་གྱི་གུང་སེང་ནང་རང་ཁུལ་གྱི་ཡུལ་སྐོར་ཡོང་འབབ་རྒྱུན་མཐུད་དུ་འཕར་སྣོན་ཡོང་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཡུལ་སྐོར་སྣེ་ལེན་ཉེན་མེད་གོ་རིམ་ཡོད་པས་ཉེན་མེད་སྒྲིག་ལམ་ཡོད་པ། སྤུས་ཀ་ཡག་ལ་གྲུབ་འབྲས་ཐོབ་པ། དཔལ་ཡོན་བཅས་ཡིན་པའི་གཅིག་གྱུར་ལྔའི་དམིགས་ཡུལ་མངོན་འགྱུར་བྱུང་བ་རེད། སྤྱི་ཟླ5པའི་ཚེས1ཉིན་གྱི་ཕྱི་དྲོའི་ཆུ་ཚོད5པར། ཁུལ་ཡོངས་ཀྱིས་ལྔ་གཅིག་དུས་ཆེན་གུང་གསེང་ནང་ཡུལ་སྐོར་བ་ཁྱོན་བསྡོམས་མིའི་ཐེངས་གྲངས་ཁྲི37.25ལ་སྣེ་ལེན་བྱས་ཏེ། ཡུལ་སྐོར་ཡོང་འབབ་སྒོར་ཁྲི37185.48མངོན་འགྱུར་བྱུང་བའི་ནང་གཙོ་གནད་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མིའི་ཐེངས་གྲངས7.95ལ་སྣེ་ལེན་བྱས་ནས་སྒོ་འཛིན་ཡོང་འབབ་སྒོར་ཁྲི343.02མངོན་འགྱུར་བྱུང་བའི་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ27དང་བརྒྱ་ཆ96.34འཕར་བ་རེད།།


  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་ས་གནས་སོ་སོས་བྱེད་སྒོ་སྣ་ཚོགས་སྤེལ་ནས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུས།
  • ལེ་ཚན་རྗེས་མ།:ཨར་ལས་བཟོ་པས་ཨར་ལས་བྱ་ཡུལ་དུ་འབད་འཐབ་བྱས་ནས་འཕེལ་རིམ་འགན་སྲུང་བྱེད།
  • དོ་སྣང་ཆེ་བའི་རྩོམ།