ཉག་རོང་རྫོང་གིས་གྲོང་སྡེ་རུ་ཁྲིམས་ལུགས་དྲིལ་བསྒྲགས་དང་འགལ་ཟླའི་རྩོད་གཞི་འདུམ་སྒྲིག་བྱས།

ཡེ་ཤེས་ལྷ་མོ།        2018-04-26

   ཟླ་བ4པའི་ཚེས16ནས་ཚེས19ཉིན་བར། ཉག་རོང་རྫོང་མི་དམངས་ཁྲིམས་ཁང་གིས་རྒྱ་བོད་སྐད་གཉིས་རྟོགས་པའི་ཤེས་ཡོན་མི་སྣ་སྒྲིག་འཛུགས་བྱས་ནས་ཉག་སྨད་སྡེ་ཁུལ་གྱི་ཤང་བཞིར་མི་དམངས་ཁྲིམས་ར་ཕྱོགས་ལྔ་ལ་འཛུགས་པའི་བྱེད་སྒོ་སྤེལ་བ་རེད།

  ཤང་ཁག་གི་ཞིང་པ་མང་ཚོགས་དང་གྲྭ་བཙུན། ཤང་དང་སློབ་གྲྭ  གྲོང་སྡེ་འཕྲོད་བསྟེན་ཁང་སོགས་ཀྱི་ལས་བྱེད་ཐམས་ཅད་མཉམ་དུ་བསྡུས་ནས་ཉག་རོང་མི་དམངས་ཁྲིམས་ཁང་གིས་རྩོམ་སྒྲིག་བྱས་པའི་དྲིལ་བསྒྲགས་ལག་དེབ་དང་ཟུང་འབྲེལ་བྱས་ཏེ་ཁྲིམས་ལུགས་དྲིལ་བསྒྲགས་བཏང་བ་རེད། ཐེངས་འདིའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ནང་དོན་གཙོ་བོ་ནི་མང་ཚོགས་དང་ཉེ་བར་བཅར་བའི་གཉེན་སྒྲིག་རྩོད་གཞི་དང་ཁྱིམ་མཚེས་བར་གྱི་རྩོད་གཞི།  རྩྭ་ར་ས་མཚམས་ཀྱི་རྩོད་གཞི། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སོགས་ལ་དམིགས་ཏེ་བོད་རྒྱ་ཡིག་དང་པར་རིས་བརྒྱུད་མང་ཚོགས་ལ་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་ལུགས་གོ་སླ་བའི་ཉག་སྐད་ཐོག་ནས་དྲིལ་བསྒྲགས་བྱས། ཉིན་བཞིའི་ཁྲིམས་ལུགས་དྲིལ་བསྒྲགས་ཚོགས་འདུའི་ནང་ཞིང་པ་དང་གྲྭ་བཙུན་སོགས་མི་གྲངས1000ལྷག་ཞུགས་ཤིང་།《ཉག་རོང་རྫོང་མི་དམངས་ཁྲིམས་ཁང་གི་དྲིལ་བསྒྲགས་ལག་དེབ》1000ལྷག་བཀྲམ་ཡོད། དུས་རྒྱུན་དུ་མང་ཚོགས་ཀྱིས་ཁྲིམས་ལུགས་ཤེས་བྱ་མི་རྟོགས་པས་ཁྲིམས་འགལ་གྱི་དོན་རྐྱེན་བྱུང་དང་འབྱུང་བཞིན་ཡོད་པས་མང་ཚོགས་ཀྱིས་ཁྲིམས་ལུགས་ཤེས་བྱ་སྐོར་སློབ་འདོད་ཤིན་ཏུ་ཆེ་ཞིང་ཁྲིམས་ལུགས་བསྒྲགས་བྱེད་སྒོ་སྤེལ་བར་དགའ་བསུ་ཞུས་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་དེང་རབས་ཅན་གྱི་གཞུང་ལམ་མ་ལག་འཛུགས་རྒྱུ།
  • ལེ་ཚན་རྗེས་མ།:དཔྱིད་དཔལ་རྒྱས་དུས་རེ་བའི་འབྲས་བུ་འདེབས།
  • དོ་སྣང་ཆེ་བའི་རྩོམ།