དུང་དཀར་ལུང་པའི་ལྗོངས་ཁུལ་དུ་འདེབས་འཛུགས་གསོ་སྦྱོང་གི་འཛིན་གྲྭ་བཙུགས།

        2018-04-24

དུང་དཀར་ལུང་པའི་ལྗོངས་ཁུལ་གྱི་ཡུལ་སྐོར་ལས་རིགས་སྔར་བས་འཕེལ་རྒྱས་གཏོང་ཞིང་དབུལ་ཐར་འགག་སྒྲོལ་གྱི་ལས་ཀར་སྐུལ་འདེད་གཏོང་བ་དང་། སློབ་ཁྲིད་དང་རོགས་རམ། སྣེ་ཁྲིད་བཅས་ཀྱི་གསོ་སྦྱོང་བྱེད་སྟངས་བརྒྱུད་ནས། ཞིང་སྡེའི་འཇོན་ནུས་ལྡན་པའི་ཕྱུག་ཁྲིད་མཁས་ཅན་དེ་བས་མང་པོ་གསོ་སྐྱོང་བྱས་ཏེ་མི་སེར་ཚོ་སྔ་ཚེར་དབུལ་ཐར་འབྱོར་འབྲིང་གི་ཕྱོགས་སུ་སྐྱོད་ཐུབ་པར་སྐུལ་འདེད་གཏོང་ཆེད། ཟླ་བ4པའི་ཚེས3ཉིན་ལྗོངས་ཁུལ་དོ་དམ་ཅུས་ཀྱིས་ཀྲུང་གོའི་ཚན་རིག་ཁང་ཁྲེང་ཏུའུ་རི་ཞིང་གནོད་སྐྱོན་དང་ཁོར་ཡུག་ཞིབ་འཇུག་ཁང་གི་འདེབས་འཛུགས་ཆེད་རམས་པ་ཀའོ་ཅ་ཉིང་དུང་དཀར་ལུང་པར་གདན་འདྲེན་ཞུས་ཏེ་འདེབས་འཛུགས་ལག་རྩལ་ཁྱབ་གདལ་གཏོང་བའི་གསོ་སྐྱོང་སྦྱོང་བརྡར་བྱས་ཤིང་། ཕྱུག་ཁྲིད་མི་སྣ26ཐེངས་འདིའི་གསོ་སྦྱོང་ནང་ཞུགས་པ་རེད།

གསོ་སྦྱོང་ཁྲོད། ཀའོ་ཅ་ཉིང་གིས་བཟོ་འགོད་ཞིབ་ཕྲ་བྱས་པའིPDFའཕེལ་རིམ་གསལ་སྟོན་གྱི་ཟིན་བྲིས་སྤྱོད་པ་དང་། ཐད་མཐོང་གཟུགས་བཀོད་ཀྱི་སློབ་ཁྲིད་བྱེད་སྟངས་སྤྱད་ནས་གསོ་སྦྱོང་ནང་ཞུགས་པའི་སློབ་མ་རྣམས་ལ་སྨན་རྫས་ཀྲུང་ལིའུ་ཡི་སྨན་སྤྱོད་རིན་ཐང་དང་ཚོང་རའི་དགོས་མཁོ། འདེབས་འཛུགས་ལག་རྩལ་སོགས་འགྲེལ་བཤད་ཞིབ་ཕྲ་བྱས་པར་མ་ཟད། སྨན་རྫས་ཀྲུང་ལིའུ་འདེབས་འཛུགས་བྱེད་སྐབས་དོ་གཟབ་དགོས་པའི་གནད་དོན་སྐོར་ནན་བཤད་བྱས། མཐར་ཀའོ་ཅ་ཉིང་གིས་ད་དུང་གསོ་སྦྱོང་ནང་ཞུགས་པའི་མི་སྣ་དང་ཡུལ་དངོས་སུ་བསམ་ཚུལ་བརྗེ་རེས་བྱས་པ་རེད།

ཐེངས་འདིའི་གསོ་སྦྱོང་བྱས་པར་བརྒྱུད། ཡུལ་དེའི་ཀྲུང་ལིའུ་འདེབས་འཛུགས་བྱེད་མཁན་ཞིང་པའི་ལག་རྩལ་ཆུ་ཚད་མཐོར་བཏང་ནས། རྒྱ་ཆེ་བའི་ཞིང་དུད་ཀྱིས་ཀྲུང་ལིའུ་འདེབས་འཛུགས་བྱ་རྒྱུར་རོགས་རམ་བྱས་ཡོད། གསོ་སྦྱོང་ནང་ཞུགས་པའི་སློབ་མ་ཚོས་ཕྱིན་ཆད་སྦྱངས་པའི་འདེབས་འཛུགས་ལག་རྩལ་དེ་དོན་ཐོག་ཏུ་ལག་བསྟར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།


  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གིས་ཤིང་སྡོང་ཁྲི་ལྔ་བཙུགས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་དེང་རབས་ཅན་གྱི་གཞུང་ལམ་མ་ལག་འཛུགས་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།