རང་ཁུལ་དང་མེན་ཧྲན་གྲོང་ཁྱེར་བར་གྱི་བཟོ་ལས་མཉམ་ལས་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས།

    བདེ་སྐྱིད་ཀྱིས་བསྒྱུར།    2018-04-17

རང་ཁུལ་དང་མེན་ཧྲན་གྲོང་ཁྱེར་བར་གྱི་བཟོ་ལས་མཉམ་ལས་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས།

སྤྱི་ཟླ4པའི་ཚེས10ཉིན། དཀར་མཛེས་ཁུལ་དང་མེན་ཧྲན་གྲོང་ཁྱེར་བར་མཉམ་ལས་བྱས་པའི་བཟོ་ལས་གླིང་ཁུལ་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏང་ཆེད། རང་ཁུལ་དང་མེན་ཧྲན་གྲོང་ཁྱེར་གྱིས་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། གླིང་ཁུལ་འཛུགས་སྐྲུན་གྱི་འབྲེལ་ཡོད་གནད་དོན་ལ་གྲོས་མོལ་བྱས་པ་རེད། 

ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་བཟོ་ལས་གླིང་ཁུལ་དུ་ཕེབས་ནས་བརྟག་ཞིབ་གནང་རྗེས་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད། གསུང་བཤད་གནང་བ་དང་། མེན་ཧྲན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་མུའུ་ཞིན་ཧའེ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་བ་རེད། མེན་ཧྲན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་གྱི་འགོ་འཛིན་ལུའོ་ཅ་མིང་གིས་བཞུགས་མོལ་ཚོགས་འདུ་གཙོ་འགན་བཞེས་པར་མ་ཟད། བརྟག་ཞིབ་ལྷན་ཕེབས་གནང་བ་རེད།

ལིའུ་ཁྲེང་མིང་གི་གསུང་བཤད་ནང་བསྟན་དོན། བཟོ་ལས་གླིང་ཁུལ་འཛུགས་སྐྲུན་བྱ་རྒྱུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱེད་པའི་ལག་ལེན་དངོས་ཡིན་པ་དང་། བོད་ཁུལ་དབུལ་ཐར་འགག་སྒྲོལ་ལས་ཀར་སྐུལ་འདེད་བཏང་ནས་རང་ཁུལ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་བྱ་ཐབས་གལ་ཆེན་ཡིན་ལ། རང་ཁུལ་དང་མེན་ཧྲན་གྲོང་ཁྱེར་གྱིས་ཀྲུང་དབྱང་དང་ཞིང་ཆེན་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ་ཡང་ཡིན་ཞིང་། ས་ཁོངས་ཁག་བར་གྱི་མཉམ་ལས་དང་གཉིས་ཕན་གཉིས་ཁེ་མངོན་འགྱུར་བྱ་རྒྱུར་འཚོལ་ཞིབ་ཧུག་ཐག་བྱ་དགོས་པ་རེད། དཀར་མཛེས་ཁུལ་དང་མེན་ཧྲན་གྲོང་ཁྱེར་བར་མཉམ་ལས་བྱས་པའི་བཟོ་ལས་གླིང་ཁུལ་སྐྲུན་འགོ་བཙུགས་ནས་བཟུང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྲ་བརྟན་གྱི་འགོ་ཁྲིད་གནང་འོག་དང་ས་གནས་གཉིས་ཀྱི་མཉམ་ལས་དང་། ཐུམ་མོང་གིས་འབད་བརྩོན་བྱས་འོག་ས་ཁོངས་མཉམ་ལས་དང་མི་རིགས་མཐུན་སྒྲིལ། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་། ཤིན་ཏུ་དབུལ་ཕོངས་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་བཅས་ཀྱི་ཐད་ལ་སྐུལ་འདེད་གཏོང་བར་ནུས་པ་ཧུར་ཐག་བཏོན་ཡོད་པ་རེད།

མུའུ་ཞིན་ཧའེ་ཡིས་དཀར་མཛེས་ཁུལ་དང་མེན་ཧྲན་གྲོང་ཁྱེར་བར་མཉམ་ལས་བྱས་པའི་བཟོ་ལས་གླིང་ཁུལ་བསྐྲུན་རྒྱུ་ནི་ས་ཁུལ་གཉིས་མཉམ་ལས་ཀྱི་གྲུབ་འབྲས་ཐོབ་པའི་དཔེ་སྟོན་ཡིན་པས། ཕྱོགས་གཉིས་ཀའི་གླིང་ཁུལ་མཉམ་སྐྲུན་བྱས་པ་ནས་བཟུང་། ཕྱོགས་གཉིས་ཀྱིས་དོན་དངོས་གཉེར་བའི་ཐོག་ནས་མཉམ་ལས་བྱས་ཤིང་ཐོབ་པའི་གྲུབ་འབྲས་མངོན་གསལ་ཆེ་ལ། འཕེལ་རྒྱས་ཀྱི་མདུན་ལམ་ནི་བཟང་པོ་ཡིན་པ་རེད། མེན་ཧྲན་གྲོང་ཁྱེར་གྱིས་མུ་མཐུད་ནས་དཀར་མཛེས་ཁུལ་དང་མེན་ཧྲན་གྲོང་ཁྱེར་བར་མཉམ་ལས་བྱས་པའི་བཟོ་ལས་གླིང་ཁུལ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཕྱོགས་གཉིས་ཀས་འབད་བརྩོན་ལྷོད་མེད་བྱས་ནས་གླིང་ཁུལ་དེ་ཞིང་ཆེན་ཡོངས་ཀྱི་གསོན་ཤུགས་ལྡན་པའི་གླིང་ཁུལ་ཞིག་ཏུ་འགྱུར་ཐུབ་པར་བྱ་དགོས་ཞེས་གསུངས་པ་རེད།

ཞའོ་ཡིའུ་ཚའེ་ཡིས་མིག་སྔར་དཀར་མཛེས་ཁུལ་དང་མེན་ཧྲན་གྲོང་ཁྱེར་བར་མཉམ་ལས་བྱས་པའི་བཟོ་ལས་གླིང་ཁུལ་གྱི་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏང་དགོས་པ་དང་། གླིང་ཁུལ་གྱི་གཞི་ཁྱོན་སྔར་བས་རྒྱ་སྐྱེད་གཏང་དགོས། ཚོང་དང་མ་རྩ་འདྲེན་འགུགས་ཀྱི་གྲུབ་འབྲས་སྔར་བས་མངོན་གསལ་ཆེ་དགོས། ས་གནས་གཉིས་ཀྱིས་གླིང་ཁུལ་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བར་དམིགས་ནས་མཉམ་ལས་བྱ་རྒྱུར་སྔར་བས་ཤུགས་བརྒྱབ་ནས། གྲོང་ཁྱེར་དང་ཁུལ་གྱི་ཐོན་ཁུངས་ལེགས་ཆ་ཕན་ཚུན་ཁ་གསབ་དང་གཉིས་ཕན་མཉམ་ཁེ་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།།


  • ལེ་ཚན་སྔོན་མ།:དཔལ་ཡུལ་རྫོང་གིས་སློབ་གསོའི་ཁོར་ཡུག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་།
  • ལེ་ཚན་རྗེས་མ།:སེར་ཤུལ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས2018ལོའི་བོད་རྒྱ་སྐད་གཉིས་ཀྱི་གསོ་སྦྱོང་ལས་དོན་གྲོས་ཚོགས་འཚོགས།
  • དོ་སྣང་ཆེ་བའི་རྩོམ།