ཁུལ་ཡོངས་ཀྱི་དམངས་སྲིད་ལས་དོན་ཚོགས་འདུ་དར་མདོར་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2018-04-16

      སྤྱི་ཟླ4པའི་ཚེས10ཉིན། 2018ལོའི་ཁུལ་ཡོངས་ཀྱི་དམངས་སྲིད་ལས་དོན་ཚོགས་འདུ་དར་མདོར་འཚོགས་པ་རེད། ཚོགས་འདུའི་དམིགས་ཡུལ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན། 2018ལོའི་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ལས་དོན་ཚོགས་འདུའི་སྙིང་དོན་བཅས་སློབ་སྦྱོང་ལག་བསྟར་གཏོང་བ་དང་། 2017ལོའི་ཁུལ་ཡོངས་ཀྱི་དམངས་སྲིད་ལས་དོན་ཕྱོགས་བསྡོམས་དང་ད་ལོའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་རྒྱུན་ཨུ། ཞིང་ལས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་གྱིས་ཚོགས་འདུ་གཙོ་འགན་བཞེས་པ་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧོ་ཁང་ལིན་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་བ་རེད།

      ཚོགས་འདུའི་ཐོག་བསྟན་དོན། དུས་གནས་རྟོགས་དཔྱོད་བྱས་ནས་དམངས་སྲིད་ལས་དོན་གྱི་འདུ་ཤེས་གསར་པ་བརྟན་པོ་བཅང་དགོས། དམངས་སྲིད་ལས་དོན་ཐད་གྲུབ་འབྲས་ཡག་པོ་ཐོབ་ཡོད་མོད། འོན་ཀྱང་ད་དུང་ཛ་དྲག་ཆེ་བའི་གནད་དོན་ཡོད་པ་སྟེ། གཅིག་ནི་དམངས་སྲིད་ཁོངས་གཏོགས་ཀྱིས་བཅོས་བསྒྱུར་གསར་གཏོད་ཀྱི་ལས་འགན་ལྕི་བ་དང་། དཀའ་ཚེགས་ཆེ་བ། ལམ་ལུགས་ཅན་དང་ཚད་ལྡན་ཅན། ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོན་པོ་མེད་པ་དང་། གཉིས་ནི་དམངས་སྲིད་ལས་དོན་གྱི་འཕེལ་རྒྱས་དོ་སྙོམས་མིན་པ་དང་རྫོང་ཁག་ཁ་ཤས་ཀྱི་ཁྱོན་ཡོངས་འཆར་འགོད་དང་ལས་ཀར་སྐུལ་འདེད་གཏོང་བའི་འདུ་ཤེས་ཞན་པ་རེད། གསུམ་ནི་དམངས་སྲིད་བྱ་གཞག་འཕེལ་རྒྱས་ཀྱི་སྤུས་ཚད་མི་མཐོ་ཞིང་། དམངས་སྲིད་ཀྱི་དོ་དམ་དང་ཞབས་ཞུའི་སྤྱིའི་ཆུ་ཚད་དང་དམངས་སྲིད་ཞབས་ཞུ་བྱ་ཡུལ་དང་སྤྱི་ཚོགས་ཀྱི་རེ་འདུན་དང་མི་འཕྲོད་པ་རེད། བཞི་ནི་གཞི་རིམ་དམངས་སྲིད་ལས་ཀའི་སྟོབས་ཤུགས་ཞན་པ་དང་། དཔུང་ཁག་གི་བསམ་བློ་དང་འདུ་ཤེས། འགན་སྒྲུབ་ནུས་པ། ལས་ཀའི་བྱེད་ཐབས་བཅས་དུས་རབས་གསར་པའི་དམངས་སྲིད་སྡེ་ཁག་གིས་སྤྲད་པའི་ལས་འགན་གསར་པ་དང་མི་འཕྲོད་པ་རེད།

      ཚོགས་ཐོག་སེམས་ནུས་གཅིག་སྒྲིལ་དང་དམངས་ལ་ཞབས་འདེགས་ཞུ་བའི་བྱས་རྗེས་གསར་པ་ཧུར་ཐག་གཏོད་དགོས་པ་དང་། དབུལ་ཐར་འགག་སྒྲོལ་གཙོ་བོར་བཟུང་ནས་དམངས་འཚོ་འགན་སྲུང་གི་ཆུ་ཚད་མཐོར་འདེགས་གང་ཐུབ་གཏང་དགོས། རྒན་རྒོན་གྱི་བྱ་གཞག་འགག་གནད་སྒྲོལ་སར་བྱས་ནས་རྒན་གསོའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གང་ཐུབ་གཏང་དགོས། འཆམ་མཐུན་བརྟན་ལྷིང་དམིགས་ཡུལ་བྱས་ཏེ་སྤྱི་ཚོགས་དོ་དམ་གྱི་ཆུ་ཚད་མཐོར་འདེགས་གང་ཐུབ་གཏང་དགོས་པ་དང་། མང་ཚོགས་ཀྱི་འདོད་བློ་དེ་འགན་འཁྲིར་བརྩིས་ནས་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གང་ཐུབ་གཏང་དགོས། དམངས་འཚོ་དམངས་སྲིད་དང་གསར་གཏོད་དམངས་སྲིད། བློ་རིག་དམངས་སྲིད། ཁྲིམས་སྐྱོང་དམངས་སྲིད། རིག་གནས་དམངས་སྲིད་བཅས་འཛུགས་སྐྱོང་བྱ་རྒྱུ་གཞི་འཛིན་སར་བྱས་ཏེ་དམངས་སྲིད་ཕྱོགས་བསྡུས་ཆུ་ཚད་མཐོར་འདེགས་གང་ཐུབ་གཏང་དགོས། རྨང་གཞི་བརྟན་དུ་བཏང་ནས་དམངས་སྲིད་བྱ་གཞག་ལ་མཆོང་སྐྱོད་གསར་པ་རྒྱུན་མི་ཆད་པར་འཐོབ་དགོས་པ་དང་། འགོ་ཁྲིད་ཀྱི་ནུས་ཤུགས་ཆེ་རུ་བཏང་ནས་དམངས་སྲིད་ལས་ཀའི་མཉམ་ཤུགས་ཆགས་པར་བྱ་དགོས། རང་ངོས་འཛུགས་སྐྱོང་བྱ་རྒྱུར་ཤུགས་བརྒྱབ་ནས་དཔུང་ཁག་སྟོབས་ལྡན་འཛུགས་དགོས་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ཟབ་སྤེལ་ཧུར་ཐག་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།།


  • ལེ་ཚན་སྔོན་མ།:གནའ་བྲོ་ཡག གནའ་བྲོ་ཡག མི་ཉག་གནའ་བྲོའི་ལྟད་མོ་ཡག
  • ལེ་ཚན་རྗེས་མ།:ཞིང་ཆེན་སྐབས་བཅོ་ལྔ་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ཚོགས་འདུ་ཐེངས་དང་པོ་དར་མདོར་འཚོགས།
  • དོ་སྣང་ཆེ་བའི་རྩོམ།