ཟླ་བ་གཉིས་པར་རང་ཁུལ་གྱི་གྲོང་མིའི་འཛད་སྤྱོད་རིན་གོང་ན་ནིང་ལོའི་དུས་མཉམ་ལས་བརྒྱ་ཆ2.0འཕར།   

བདེ་སྐྱིད་ཀྱིས་བསྒྱུར།        2015-03-24

རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་དཀར་མཛེས་བརྟག་དཔྱད་རུ་ཆེན་གྱིས་བརྟག་དཔྱད་བྱས་པར་གཞིགས་ན།རང་ཁུལ་གྱི་ཟླ་བ་གཉིས་པར་གྲོང་མིའི་འཛད་སྤྱོད་རིན་གོང་ན་ནིང་ལོའི་དུས་མཉམ་ལས་བརྒྱ་ཆ 2.0འཕར་བས་ཞིང་ཆེན་ཡོངས་ལས་བརྒྱ་ཆ 0.7དང་རྒྱལ་ཡོངས་ལས་བརྒྱ་ཆ 0.6འཕར་བ་རེད། དཔྱིད་གསར་དུས་ཆེན་དང་དུས་ཚིགས་ཀྱི་ཤུགས་རྐྱེན་ཐེབས་པར་བརྟེན་ཟླ་བ་གོང་མ་ལས་བརྒྱ་ཆ 1.1འཕར་བས་ཟླ་བ་གོང་མ་ལས་བརྒྱ་ཆ 0.5འཕར་བ། དེའི་ནང་རིན་གོང་འཕར་བའི་ཟས་རིགས་དང་གྱོན་ཆས། སྨན་བཅོས་ཁམས་གསོ། ཉེ་མཁོའི་དངོས་རྫས་རིགས། འགྲིམ་འགྲུལ་དང་འཕྲིན་གཏོང་རིགས། རོལ་རྩེད་དང་སློབ་གསོ་རིག་གནས་ཡོ་བྱད་དང་ཞབས་འདེགས་རིགས་བཅས་ཀྱི་འཕར་ཚད་ཁག་དབྱེ་ནས་བརྒྱ་ཆ 2.5དང ་བརྒྱ་ཆ 0.6བརྒྱ་ཆ 0.6བརྒྱ་ཆ 0.4བརྒྱ་ཆ 0.7འཕར་ཡོད་པ་རེད། ཆང་དང་དུ་བ་རིགས་དང་ཁྱིམ་སྤྱོད་སྒྲིག་ཆས། བདག་གཅེས་ཞབས་འདེགས། སྡོད་གནས་རིགས་བཅས་ཟླ་བ་གོང་མ་དང་འདྲ་མཉམ་ཡིན་པ་རེད།ཟླ་བ་གསུམ་པའི་ནང་སྔོ་ཚལ་དང་ཤིང་ཏོགཤ།བྱ་རིགས་བཅས་ཀྱི་རིན་གོང་རྒྱུན་ལྡན་དུ་ཡིན་པ། སྔོན་རྩིས་བྱས་ན་གྲོང་མིའི་འཛད་སྤྱོད་རིན་གོང་ཟླ་བ་གཉིས་པ་ལས་མར་བབ་ཐུབ་རྒྱུ་རེད།།
  • ལེ་ཚན་སྔོན་མ།:དར་མདོ་རྫོང་གིས་དབུལ་ཕོངས་སློབ་མར་རོགས་སྐྱོར་བྱེད་པའི་ལས་ཀ་བརྟན་བརླིང་ངང་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:གྲོང་ཁྱེར་དང་ཁུལ་བརྒྱད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དང་རིག་གནས།ལྗོངས་རྒྱུ་བཅས་འཕེལ་རྒྱས་གཏང་རྒྱུའི་ཚོད་ལྟ་རྟེན་གཞི་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།