ཡེ་མགོན། 2018-03-30
སྤྱི་ཟླ3པའི་ཚེས29ཉིན་གྱི་སྔ་དྲོར། རང་ཁུལ་ཀྱིས2018ལོའི་དུས་ཚིགས་དང་པོའི་གལ་ཆེ་བའི་ལས་གཞི་གཅིག་བསྡུས་ཀྱིས་ལས་འགོ་འཛུགས་པའི་མཛད་སྒོ་དར་མདོར་སྤེལ་བ་རེད།
ཐེངས་འདིར་གཅིག་བསྡུས་ཀྱིས་ལས་འགོ་འཛུགས་པའི་ལས་གཞི54ལ་སྔོན་རྩིས་བྱས་ན་མ་དངུལ་བསྡོམས་སྒོར་དུང་ཕྱུར44.91གཏོང་འཇོག་བྱས་པའི་ནང2018ལོར་མ་དངུལ་སྒོར་དུང་ཕྱུར25.28གཏང་རྒྱུའི་འཆར་གཞི་ཡིན་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ལས་གཞི་གཅིག་བསྡུས་ཀྱིས་འགོ་འཛུགས་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཤིས་ཚིག་ཕུལ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་མཛད་སྒོའི་ནང་ཞུགས། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་གཞོན་པ་ཀྲང་ཆིས་གདན་ཞུ་ལྟར་མཛད་སྒོའི་ནང་ཞུགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཅང་གིས་ལས་འགོ་འཛུགས་པའི་མཛད་སྒོ་གཙོ་འགན་བཞེས་པ་རེད།
ཞའོ་ཡིའུ་ཚའེ་ཡིས་ཤིས་ཚིག་ནང་གསུང་དོན། ཉེ་བའི་ལོ་ཤས་རིང་ལ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དཔལ་འབྱོར་འཛིན་དགོས་ན་ངེས་པར་དུ་གཏོང་འཇོག་འཛིན་རྒྱུ་དང་། གཏོང་འཇོག་འཛིན་དགོས་ན་ངེས་པར་དུ་ལས་གཞི་འཛིན་རྒྱུ། ལས་གཞི་འཛིན་དགོས་ན་ངེས་པར་དུ་དོན་འཁྱོལ་འཛིན་རྒྱུའི་འདུ་ཤེས་བརྟན་པོ་ཆགས་པ་བྱས་ཏེ་ལས་གཞི་ཡིས་ལྟེ་གནས་བྱས་ནས་དཔལ་འབྱོར་ལས་ཀ་སྒྲིག་འཛུགས་བྱས་མཐར། ནུས་ཤུགས་ཡོད་རྒུས་འགྲིམ་འགྲུལ་ཆེན་པོ་དང་ཡུལ་སྐོར་ཆེན་པོ། འཕེལ་རྒྱས་ཆེན་པོར་སྐུལ་འདེད་བཏང་ཡོད་པ་རེད། ད་ལོར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མུ་མཐུད་ནས་ལས་གཞིར་གཏོང་འཇོག་བྱ་རྒྱུ་དེ་འཕར་སྣོན་བརྟན་པོ་དང་གྲུབ་ཚུལ་ལེགས་སྒྲིག དམངས་འཚོར་ཕན་པའི་འགག་རྩའི་བྱེད་ཐབས་ལ་བརྩིས་ནས་ལས་གཞིའི་ལོ་འཁོར་ལག་ལེན་ཟབ་མོ་བྱ་རྒྱུ་ཡིན་པ་རེད། ཁོང་གིས་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ལས་གཞི་དམ་འཛིན་ཡག་པོ་བྱ་རྒྱུ་ནི་རང་གི་ལས་འགན་ཡིན་པ་དང་ལས་གཞི་དམ་འཛིན་ཡག་པོ་མ་བྱེད་ན་ལས་འགན་མི་ཐེག་པ། ལས་གཞི་མ་འཛིན་ན་འགན་འཛོལ་ཤོར་བའི་འདུ་ཤེས་བརྟན་པོ་ཆགས་པར་བྱས་ཏེ་ཕུགས་ཐག་རིང་བའི་ལས་གཞི་འཆར་འགོད་བྱ་རྒྱུ་དང་ལས་གཞི་ལ་དམིགས་ནས་ཞབས་ཕྱི་ཡག་པོ་བསྒྲུབ་རྒྱུ། ལས་གཞི་ལ་ཞབས་ཕྱི་བསྒྲུབས་ནས་ལག་ལེན་ཡག་པོ་བྱ་དགོས། ཨར་ལས་རྒྱག་མཁན་སྡེ་ཚན་སོ་སོས་དུས་ཚོད་སྐར་ཆ་ཙམ་ལའང་དམ་འཛིན་བྱས་ནས་འཕེལ་རིམ་ལ་བརྩོན་ལེན་དང་སླ་བཅོས་སྤུ་ཙམ་མེད་པར་སྤུས་ཀར་དམ་འཛིན། འཕྱུག་པ་སྤུ་ཙམ་མེད་པ་ཉེན་མེད་ཡོང་བར་གཟབ་ནན་བྱས་ཏེ་འཛུགས་སྐྲུན་ལས་གཞིའི་ཨར་ལས་སྔ་སྣུར་ཙམ་མཇུག་བསྒྲིལ་བ་དང་སྔ་སྣུར་ཙམ་བེད་སྤྱོད་ཐུབ་པ། སྔ་སྣུར་ཙམ་གྲུབ་འབྲས་ཐོབ་ཐུབ་པ་བྱ་དགོས་ཞེས་ནན་གསུང་གནང་བ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10