ཡེ་མིང་གིས་བསྒྱུར། 2018-03-27
སྤྱི་ཟླ3པའི་ཚེས22ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་གཙོ་འགན་བཞེས་ནས་སྐབས་བཅུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས26པ་དང་ཁུལ་ཨུའི་རྒྱས་འཛོམས་ཚོགས་འདུ་འཚོགས་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་དང་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་གྱི་སྙིང་དོན་བརྒྱུད་བསྒྲགས་བྱས་པ་རེད།
ཚོགས་འདུའི་ཐོག་རེ་འདུན་བཏོན་དོན། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ་མགྱོགས་མྱུར་དུ་སྲིད་ཇུས་ཀྱི་གོ་སྐབས་འདི་དཀར་མཛེས་ཁུལ་འཕེལ་རྒྱས་ཇེ་མགྱོགས་གཏོང་བའི་སྒུལ་ཤུགས་སུ་བསྒྱུར་དགོས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་བརྟན་གྱི་འགོ་ཁྲིད་འོག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་འོག ཏན་ཏིག་གིས་བསམ་བློ་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ་སེམས་ཐག་གཙང་བཅད་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགོ་ཁྲིད་གཅིག་གྱུར་གནང་བར་སྲུང་སྐྱོང་བྱས་ནས། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐུལ་འདེད་གཏོང་བར་སྒུལ་ཤུགས་སྟོབས་ལྡན་ཞིག་ཆགས་པ་བྱ་དགོས།
ཚོགས་འདུའི་ཐོག་ནན་གསུང་གནང་དོན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེ་བའི་གསུང་བཤད་ཀྱི་དགོངས་དོན་དང་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ཟུང་འབྲེལ་བྱས་ནས་སློབ་སྦྱོང་ལག་ལེན་བྱ་དགོས། རྩ་ཁྲིམས་དག་བཅོས་འཆར་ཟིན་དང་ལྟ་ཞིབ་བཅའ་ཁྲིམས་དང་ཁྲིམས་སྐྱོང་གི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱ་རྒྱུ་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱ་དགོས། ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་དཀར་མཛེས་ཁུལ་གྱི་དོན་དངོས་ཟུང་འབྲེལ་བྱས་ནས་སློབ་སྦྱོང་ལག་ལེན་བྱ་དགོས་པ་དང་། ཁྱད་པར་དུ་ཁུལ་ཨུའི་སྤྱི་ཡོངས་ཀྱི་ལས་ཀའི་ཆགས་ཚུལ་དང་ཟུང་འབྲེལ་བྱས་ནས་དེ་མ་ཐག་ཏུ་བརྒྱུད་བསྒྲགས་བྱས་ནས་ལག་ལེན་བྱེད་པ་དང་། དེ་མ་ཐག་ཏུ་རྗེས་སྙེགས་སྦྲེལ་མཐུད་བྱ་རྒྱུར་དམ་འཛིན་ཡག་པོ་བྱ་དགོས། དངོས་གནས་ཀྱིས་ཀྲུང་དབྱང་གི་སྲིད་ཇུས་འདི་ལས་ཀ་སོ་སོའི་སྒུལ་ཤུགས་སུ་བསྒྱུར་རྒྱུ་དང་རྒྱ་ཆེ་བའི་མི་དམངས་མང་ཚོགས་ལ་ཐོབ་སྣང་དང་སྐྱིད་སྣང་ཡོད་པའི་ཁེ་ཕན་དུ་བསྒྱུར་དགོས།
ཚོགས་འདུའི་ཐོག་རེ་འདུན་བཏོན་དོན། ཁྱོན་ཡོངས་ནས་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་གྱི་སྙིང་དོན་ལག་ལེན་དོན་འཁྱོལ་བྱས་ནས་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་གཙོ་བོའི་གོ་གནས་སྤོ་སྒྱུར་བྱས་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སི་ཁྲོན་ལ་གནང་བའི་ཁས་ལེན་གང་ལེགས་དང་ཐུགས་ཁུར་ཟབ་མོ་ཡིན་པར་བརྟེན། ཐོག་མཐའ་བར་གསུམ་དུ་བསམ་བློ་ཐོག་དང་བྱ་སྤྱོད་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་སྲུང་འཛིན་བྱས་ཏེ་སེམས་ཐག་གཙང་བཅད་ཀྱིས་ཀྲུང་དབྱང་གི་ཆོད་དོན་ལ་དང་ལེན་བྱེད་པ་དང་། རང་རྟོགས་ཀྱིས་བློ་མཐུན་ཕེན་ཆིང་ཧྭ་ཡིས་འགོ་འཛིན་བྱས་པའི་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་ཚོགས་པར་བརྩི་བཀུར་བྱ་དགོས།
ཚོགས་འདུའི་ཐོག་ད་དུང《2018ལོའི་ཁུལ་ཡོངས་ཀྱི་འཐབ་ཇུས་ཆེན་པོ་དྲུག་གི་དམིགས་ཡུལ་ལས་འགན(གྲོས་ཞིབ་བྱ་རྒྱུ་ཕུལ་བའི་ཟིན་བྲིས)》ཞིབ་བཤེར་གཏན་འབེབས་བྱས་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10