ལི་ཐང་རྫོང་གིས་ཉི་ནུས་ལམ་སྒྲོན1433 སྒྲིག་སྦྱོར་བྱས་ཏེ་མཚན་མོའི་འགྲོ་ལམ་དུ་གསལ་ཆ་སྤྲས།

ཀུན་དགས་བསྒྱུར།        2018-02-06

ཉེ་ཆར། ལི་ཐང་རྫོང་འཇའ་བ་གྲོང་རྡལ་གདོང་གྲུབ་གྲོང་སྡེའི་ལོ་ན་བདུན་བཅུར་སོན་པའི་མི་རྒན་བློ་གྲོས་ཀྱིས་གདོང་ལ་འཛུམ་གྱིས་ཁེངས་ཞོར་གྲོང་སྡེ་རུ་ཉི་ནུས་ལམ་སྒྲོན་སྒྲིག་སྦྱོར་བྱས་རྗེས་མཚན་མོར་ལམ་ཁར་ལོག་འགྲོ་བ་དང་འདྲེད་འགྲོ་བའི་སེམས་ཁྲལ་མི་འདུག ད་ནས་བཟུང་ང་ཚོས་ཀྱང་གྲོང་ཁྱེར་གྱི་སྡོད་དམངས་ནང་བཞིན་མཚན་མོར་ཚ་བོ་དང་ཚ་མོ་རྣམས་ཁྲིད་དེ་ཕྱིར་ལུས་སྦྱོང་དང་འཆམ་འཆམ་དུ་འགྲོ་ཆོག་པ་རེད་ཅེས་བཤད།

བློ་གྲོས་སྡོད་ཡོད་སའི་གདོང་གྲུབ་གྲོང་སྡེ་དང་ཉེ་འདབ་ཀྱི་སྐྱ་གཞི་གྲོང་སྡེ་གཉིས་ཀྱི་དུད་ཚང109ཡི་གྲོང་མི516ལ་དཔལ་འབྱོར་གྱི་རྨང་གཞི་ཞན་པ་དང་གྲོང་ཚོའི་སྲང་ལམ་དུ་གློག་མེད་པས་གྲོང་མི་ཚོས་ནམ་རྒྱུན་མག་མོག་གི་ལམ་ཁར་བརྒྱུད་དེ་ཁྱིམ་དུ་བསྐྱོད་དགོས་པས་སྟབས་ཧ་ཅང་མི་བདེ་བ་དང་། ཁྱད་པར་དུ་ཆར་པ་འབབ་དུས་ཁོ་ཚོ་དེ་བས་འགྲོ་སྟབས་མི་བདེ་བ་ནི་སྨོས་མ་དགོས་པ་རེད།

གྲོང་ཚོའི་ནང་བཅའ་སྡོད་བྱེད་མཁན་ལས་བྱེད་པས་གྲོང་སྡེའི་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས། ཆེད་ལས་མི་སྣ་སྒྲིག་འཛུགས་བྱས་ཏེ་ས་གནས་དངོས་སུ་ལྟ་ཞིབ་བྱས་པ་དང་། ལམ་སྒྲོན་སྒྲིག་སྦྱོར་བྱེད་ས་དང་གྲངས་ཀ་ཞིབ་འཇུག་བྱས་པར་མ་ཟད་འཆར་འགོད་གཏན་འབེབས་བྱས་མཐར། ཕྱོགས་སོ་སོའི་ཐད་ནས་མ་དངུལ་རྒྱབ་སྐྱོར་ཐོབ་པར་བརྩོན་ལེན་ཧུར་ཐག་བྱས་ཏེ་མ་དངུལ་སྒོར་ཁྲི22.4ལྷག་བཏང་ནས་གྲོང་སྡེ་གཉིས་ལ་གྲོན་ཆུང་དང་དངོས་ཕན་ཐོབ་པའི་ཉི་ནུས་ལམ་སྒྲོན་སྒྲིག་སྦྱོར་བྱས་པ་རེད།

སྐྱ་གཞི་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་འཕྲིན་ལས་ཀྱིས་ལམ་སྒྲོན་བེད་སྤྱོད་གཏོང་འགོ་ཚུགས་པ་ནས་བཟུང་ས་གནས་དེ་གའི་ཞིང་པ་མཚན་མོ་འགྲོ་འོང་བྱེད་པར་སྟབས་བདེ་བྱས་ཡོད་ཅིང་།ལམ་སྒྲོན་གྱིས་ཁྲོམ་ལམ་གསལ་བར་མ་ཟད་གྲོང་མིའི་སེམས་ཀྱང་ཧ་ཅང་སྐྱིད་པོ་རེད། སྔོན་ཆད་ཕྱི་དྲོའི་ཆུ་ཚོད་བརྒྱད་པ་ཙམ་ལ་སླེབས་དུས་ཁྱིམ་ཚང་ཚང་མ་ཁྱིམ་ལ་བསྡད་ནས་སྒོ་ཕྱིར་འགྲོ་མཁན་ཉུང་བ་རེད། ཡིན་ཡང་དེང་སང་ཉི་ནུས་ལམ་སྒྲོན་སྒྲིག་སྦྱོར་བྱས་ཚར་བས་མི་མང་པོ་ཞིག་སྒོ་ཕྱིར་བུད་ནས་མཉམ་དུ་སྐོར་བྲོ་སྦྱོང་བ་དང་ ལུས་པོ་སྦྱོང་བརྡར་བྱེད་བཞིན་ཡོད་པ་རེད་ཅེས་བཤད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ན་ལོར་ལི་ཐང་རྫོང་གིས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ23 གྱི་གྲོང་སྡེ33གྱི་དུད་ཚང1433 ལ་ཉི་ནུས་ལམ་སྒྲོན1433སྒྲིག་སྦྱོར་བྱས་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་སྔ་ནུར་ནས2018ལོའི་དཔྱིད་རྨོ་གྲ་སྒྲིག་ལས་ཀ་འཆར་འགོད་བྱས།
  • ལེ་ཚན་རྗེས་མ།:གྲང་ངར་ཆེ་བའི་དགུན་དུས་ཀྱིས་རང་ཁུལ་གྱི་ས་གནས་ཁག་གིས་བདེ་དྲོད་སྟེར་བའི་གོམ་སྟབས་འགོག་མི་ཐུབ།
  • དོ་སྣང་ཆེ་བའི་རྩོམ།