
ཟླ་བ3པའི་ཚེས11ཉིན་སི་ཁྲོན་ཞིང་ཆེན་གྱི2015ལོའི་རིག་གནས་དང་ཚན་རྩལ།འཕྲོད་བསྟེན་བཅས་གསུམ་གྲོང་གསེབ་ཏུ་སྐྱེལ་རྒྱུ་ཡིས་ནང་དོན་གཙོ་བོར་བྱས་པའི་ངོ་མཚར་ལྟད་མོ་བོད་ཁུལ་དུ་སྐྱེལ་བ་དང་ཕྱོགས་བདུན་ལ་བཅའ་ཁྲིམས་སྐྱེལ་བའི་བྱེད་སྒོ་དེ་རང་ཁུལ་གྱི་དཀར་མཛེས་རྫོང་དཀར་མཛེས་གྲོང་རྡལ་དང་ལྷོ་པ་ཤང་ལ་སྤེལ་ནས་ཡུལ་དེ་གའི་མང་ཚོགས་ཀྱི་དགའ་བསུ་ཐོབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།ཞིང་ཆེན་དང་ཁུལ།རྫོང་བཅས་ཀྱི་རིག་རྩལ་འཁྲབ་སྟོན་པ60ལྷག་ཙམ་གྱིས་དཀར་མཛེས་རྫོང་གི་ཞིང་འབྲོག་མང་ཚོགས་ལ་རིག་རྩལ་འཁྲབ་སྟོན་ཐེངས་གཉིས་བྱས་པ་དང་།བཅའ་ཁྲིམས་ཤེས་བྱའི་དཔྱང་རིས150ལྷག་ཙམ་དང་རིགས་སྣ་ཚོགས་ཀྱི་བཅའ་ཁྲིམས་དྲིལ་བསྒྲགས་དཔེ་དེབ་དང་ལག་དེབ། དཔྱད་གཞིའི་ཡིག་རིགས2000ལྷག་ཙམ་བཀྲམ་པ་རེད། ཡུལ་དངོས་སུ་ནས་དང་ཞོག་ཁོག་སོགས་འདེབས་འཛུགས་དང་བདག་གཉེར།འབུ་དགྲ་སྔོན་འགོག་བྱེད་སྟངས་སོགས་ཀྱི་ཤེས་བྱ་བློ་འདྲི་བྱེད་དུ་འོང་མཁན་མིའི་ཐེངས་གྲངས280དང་། ཐུམ་འབུའི་ནད་དང་གཅན་ཚ་ནད་སོགས་འགོག་བཅོས་བྱེད་སྟངས་བློ་འདྲི་བྱེད་དུ་འོང་མཁན་མིའི་ཐེངས་གྲངས200དང་ལེན་བྱས་ཡོད།སྒོར་ཁྲི3ལྷག་ཙམ་རི་བའི་རིགས་སྣ་ཚོགས་ཀྱི་སོན་བཟང་རྒྱ་མ1500བགོས་པ་དང་འདེབས་འཛུགས་ཤེས་བྱའི་དྲིལ་བསྒྲགས་ཡིག་རིགས300བཀྲམ་པ་རེད། གཞན་ཡང་མང་ཚོགས600ལྷག་ཙམ་ལ་འོས་འགན་སྨན་བཅོས་བྱས་པ་དང་སྒོར་ཆིག་ཁྲི་དྲུག་སྟོང་ཙམ་རི་བའི་སྨན་རྫས་སྦྱིན་པ་རེད།