ཞིང་ཆེན་གྱིས་ངོ་མཚར་ལྟད་མོ་བོད་ཁུལ་དུ་སྐྱེལ་བ་དང་ཕྱོགས་བདུན་ལ་བཅའ་ཁྲིམས་སྐྱེལ་བའི་བྱེད་སྒོ་རང་ཁུལ་དུ་སྤེལ་ལ་ཡོང་།

ལྷ་འཛོམས་ཀྱིས་བསྒྱུར།        2015-03-16

ཉེ་ཆར་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་ཞིང་ཆེན་ཁྲིམས་ཁང་།ཞིང་ཆེན་ཚན་རྩལ་ཐིང་།ཁྲིམས་འཛིན་ཐིང་།འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་།ཞིང་ལས་ཐིང་།རིག་གནས་ཐིང་།ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་སོགས་སྡེ་ཁག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐུགས་ཁུར་དང་འཚམས་འདྲི་ཁྱེར་ནས་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གི་རིག་རྩལ་དང་སྨན་དོན། ཚན་རྩལ།བཅའ་ཁྲིམས་བཅས་ཀྱི་ལས་སྒྲུབ་མི་སྣ300ལྷག་ཙམ་འཁྲིད་དེ་རིག་རྩལ་འཁྲབ་སྟོན་དང་འོས་འགན་སྨན་བཅོས།ཞིང་ལས་སྐོར་གྱི་ཚན་རྩལ།བཅའ་ཁྲིམས་འདྲི་རྟོགས། གཅིག་བསྡུས་སྒྲོག་འགྲེལ་སོགས་ཀྱིས་ནང་དོན་གཙོ་བོ་བྱས་པའི་ངོ་མཚར་ལྟད་མོ་བོད་ཁུལ་དུ་སྐྱེལ་བ་དང་ཕྱོགས་བདུན་ལ་བཅའ་ཁྲིམས་སྐྱེལ་བའི་བྱེད་སྒོ་སྤེལ་བ་རེད།  ཟླ་བ3པའི་ཚེས10ཉིན་ལ་ངོ་མཚར་ལྟད་མོ་བོད་ཁུལ་དུ་སྐྱེལ་བ་དང་ཕྱོགས་བདུན་ལ་བཅའ་ཁྲིམས་སྐྱེལ་བའི་བྱེད་སྒོའི་ཡན་ལག་ཚོ་ཆུང་གཉིས་པ་དེ་རྟའུ་རྫོང་དུ་ཡོང་ནས་གཤིས་ཆུ་གྲོང་རྡལ་གྱི་ཐང་ཆེན་ཐོག་ཞིང་ཆེན་ནང་གི་སྐད་གྲགས་ཅན་གྱི་སྒྱུ་རྩལ་པ་མང་པོ་དང་རིག་རྩལ་འཁྲབ་སྟོན་པ་ཚོས་ས་གནས་དེ་གའི་མང་ཚོགས་དང་ལས་བྱེད་པ།དྲག་ཆས་ཉེན་རྟོག་དཔོན་དམག་ལ་རིག་གནས་ཀྱི་ལྟད་མོ་སྟོན་པ་དང་སྦྲགས།ཞིང་ཆེན་རུས་ནད་ཚན་ཁག ཞིང་ཆེན་བུད་མེད་དང་བྱིས་པའི་བདེ་ཐང་འགན་སྲུང་ཁང་སོགས་སྨན་བཅོས་ལས་ཁུངས་ཀྱི་ཆེད་རམས་པས་ས་གནས་དེ་གའི་མི་སེར་ཚོར་འོས་འགན་སྨན་བཅོས་བྱས་ནས་ཞིང་འབྲོག་མང་ཚོགས་ལ་བདེ་ཐང་ནད་བརྟག་བྱས་པས་མ་ཚད།ད་དུང་བདེ་ཐང་དང་འཕྲོད་བསྟེན་ཤེས་བྱ་ཁྱབ་གདལ་གཏོང་བ་རེད། ཞིང་ཆེན་ཁྲིམས་ཁང་དང་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ད་དུང་བཅའ་ཁྲིམས་སྐོར་གྱི་དེབ་རིས་200ལྷག་ཙམ་ས་གནས་དེ་གའི་མང་ཚོགས་ལ་བཀྲམས་ཏེ་བཅའ་ཁྲིམས་ཤེས་བྱ་དྲིལ་བསྒྲགས་བྱས་ཡོད།  ཉིན་དེར་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ།དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝུའུ་ཅིན་ཕིང་།ཁུལ་ཨུའི་རྒྱུན་ཨུ།དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློ་བཅས་ཆེད་དོན་དུ་བྱེད་སྒོ་སྤེལ་ཡུལ་ལ་ཕེབས་ཏེ་ལས་སྒྲུབ་མི་སྣ་ཚོར་འཚམས་འདྲི་གནང་བ་རེད།། 
  • ལེ་ཚན་སྔོན་མ།:རང་ཁུལ་གྱིས༣.༡༡སྐྱེ་ཁམས་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:དར་མདོ་རྫོང་གིས་རྣམ་པ་གསར་པའི་གྲོང་རྡལ་ཅན་སྐྲུན་ཤུགས་ཆེ་རུ་བཏང་ནས་དམངས་འཚོ་ལ་ཕན་པ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།