སྡེ་དགེ་རྫོང་བཟའ་བཅའ་སྨན་རྫས་བཟོ་ཚོང་ལྟ་སྐུལ་སྤུས་ཚད་དོ་དམ་ཅུས་ཀྱིས་ལོ་གསར་པའི་འཛད་སྤྱོད་ཉེན་མེད་ཡོང་བར་འགན་སྲུང་བྱས།

བསོད་ནམས་དོན་འགྲུབ་ཀྱིས།        2018-01-15

  ཉེ་ཆར། སྡེ་དགེ་རྫོང་བཟའ་བཅའ་སྨན་རྫས་བཟོ་ཚོང་ལྟ་སྐུལ་སྤུས་ཚད་དོ་དམ་ཅུས་ཀྱིས་སྨན་ཤོད་སྡེ་ཁུལ་དང་རྫོང་གྲོང་དུ་བཟའ་བཅའ་སྨན་རྫས་དང་འབྲེལ་བའི་ཆེད་དོན་ལེབ་བཤེར་བྱས་རྗེས། གོང་ཚེས་ཉིན་དགོན་ཆེན་གྲོང་རྡལ་དུ2018ལོའི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད། 

 ཐེངས་འདིའི་ཆེད་དོན་ལེབ་བཤེར་བྱ་སྤྱོད་ཁྲོད་དུ། ཁྲིམས་འཛིན་མི་སྣ8མངགས་པ་དང་རླངས་འཁོར2སྤྱད་དེ་སྒེར་གཉེར་བཟོ་ཚོང་དུད་ཚང30ལ་ཞིབ་བཤེར་བྱས་ཤིང་། ཚོང་གཉེར་དུད་ཚང10ལ་དག་ཐེར་བཅོས་སྐྱོང་བྱ་དགོས་པའི་བླང་བྱ་བཏོན་ཞིང་ཚོང་གཉེར་དུད་ཚང་གཅིག་ལ་ཞིབ་བཤེར་བདེན་དཔང་བྱས་པ་རེད། ཁྲིམས་དང་འགལ་ནས་འཁོར་སྐར་འཕྲིན་བརྡ་སྡུད་ལེན་སྒྲིག་ཆས་བཙོང་ས་ཞིག་ཞིབ་བཤེར་རྩད་ཆོད་བྱུང་བར་མ་ཟད། ཁྲིམས་འགལ་སྒྲིག་ཆས་གཞུང་བཞེས་གཞུང་ཉར་བྱས་པ་རེད། དེ་མིན་བཟའ་བཅའ་འཁོར་རྒྱུག་དང་བཟའ་བཏུང་ཞབས་ཞུའི་ཁྲོམ་རའི་བྱེད་པོའི་ཚོང་གཉེར་ཐོབ་ཐང་། ཚོང་འདྲེན་བཙོངས་འཛིན། རྩིས་ཕྲ་ཐོ་འགོད། ཚོང་རྫས་ཀྱི་ཚད་ལོན་དཔང་ཡིག ཐུམ་རྒྱག་མཚོན་རྟགས། ཐོན་སྐྱེད་དུས་ཚོད། གོ་ཆོད་པའི་དུས་ཡུན་སོགས་ལ་དམིགས་ཏེ་ཕྱོགས་ཡོངས་ནས་མི་མངོན་པའི་ཉེན་རྐྱེན་གཙང་སེལ་བྱས་ཏེ་ལོ་གསར་པའི་ནང་གི་འཛད་སྤྱོད་ཉེན་མེད་ཡོང་བར་ཁག་ཐེག་བྱས་པ་རེད། 

   ཐེངས་འདིའི་ཆེད་དོན་ལེབ་བཤེར་བྱ་སྤྱོད་སྤེལ་བར་བརྒྱུད། ཚོང་གཉེར་པ་ཡོངས་ཀྱི་ཁྲིམས་སྲུང་གི་འདུ་ཤེས་དང་ཚོང་གཉེར་དྲང་གཞག་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་ཕྱིན་པར་མ་ཟད་འཛད་སྤྱོད་ཀྱི་ཁོར་ཡུག་བློ་བདེ་མོ་ཞེས་བསྐྲུན་པ་རེད།། 


  • ལེ་ཚན་སྔོན་མ།:ལི་ཐང་རྫོང་སྦྲག་སྲིད་གློག་རྡུལ་ཚོང་དོན་གྱིས་འབྱོར་འབྲིང་འཚོ་བ་བསྐྲུན་པར་རོགས་རམ་བྱས།
  • ལེ་ཚན་རྗེས་མ།:སྲིད་གྲོས་ཉག་རོང་རྫོང་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་ཚོགས་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།