རང་ཁུལ་གྱིས་ཚན་རྩལ་མི་སྣའི་བྱ་གཞག་གསར་གཏོད་ཀྱི་སྲིད་ཇུས་བཏོན།

ཨོ་རྒྱན་དང་བདེ་ཆེན་གྱིས་བསྒྱུར།        2018-01-10

     ཉེ་ཆར། རང་ཁུལ་གྱིས་ཚན་རྩལ་མི་སྣའི་བྱ་གཞག་གསར་གཏོད་ཀྱི་སྐུལ་སློང་གི་སྲིད་ཇུས་བཅུ་གསུམ་བཏོན་ནས་ཕྱོགས་དྲུག་ནས་ཚན་རྩལ་མི་སྣའི་བྱ་གཞག་གསར་གཏོད་ལ་སྐུལ་སློང་བྱས་པ་རེད། ཤེས་ལྡན་མི་སྣ་ནང་འདྲེན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མ་འོངས་པར་ཕྱི་ནས་ཡོང་བའི་བྱ་གཞག་གསར་གཏོད་མཁན་མཐོ་རིམ་མི་སྣ་དང་རུ་ཁག“ཁམས་པའི་མཁས་ཅན་མི་སྣ་ཁྲི་སྟོང་གསོ་སྐྱོང་བྱ་རྒྱུའི”འཆར་གཞི་ནང་བཞག་ནས་མི་རེར་གཞིས་ཆགས་ཁ་གསབ་མ་དངུལ་སྒོར་ཁྲི30སྤྲད་རྒྱུ་དང་། ཤེས་ལྡན་མི་སྣ་ཆེ་འབྲིང་བདམས་ནས་གླ་ཕོགས་ཕུད་རྗེས་ཟླ་རེར་སྒོར1000དང་སྒོར3000ཡི་དམིགས་བསལ་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱས་པ་རེད།

     དེ་མིན་མ་ལག་ཆ་ཚང་སྒྲིག་པའི་ཞབས་ཞུ་འཐུས་ཚང་དུ་གཏང་རྒྱུ་དང་། ལས་གནས་དང་བྲལ་ནས་བྱ་གཞག་གསར་གཏོད་ལ་སྐུལ་སློང་བྱ་རྒྱུ། གླ་རྔན་རང་བདག་གིས་བགོ་བཤའ་རྒྱག་པའི་རང་དབང་ཇེ་ཆེར་གཏོང་བ་དང་། ཚན་རིག་ཞིབ་འཇུག་གི་ལས་གཞིའི་མ་དངུལ་དོ་དམ་ལེགས་སུ་གཏོང་ཞིང་། ལས་ཀའི་གོ་མིང་དཔྱད་བསྡུར་གཏན་འབེབས་དང་ལས་གནས་འདྲེན་བཀོལ་ལེགས་སུ་གཏང་རྒྱུ་རེད།།


  • ལེ་ཚན་སྔོན་མ།:སྐབས་བཅུ་གཉིས་པའི་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་གཞི13དང་གྲོས་འགོ་དང་སྐྱོན་བརྗོད།བསམ་འཆར་བཅས95འབྱོར།
  • ལེ་ཚན་རྗེས་མ།:དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་གསར་འགྱུར་རྩོམ་འབྲི་མཁན་གྱི་གསར་འགྱུར་ལས་སྒོའི་གཅིག་བསྡུས་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོགས།
  • དོ་སྣང་ཆེ་བའི་རྩོམ།