ཡེ་མགོན་དང་ཡེ་ཤེས། 2018-01-04
ཝུའུ་ལེའང་ཅུན་གྱིས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་ཀའི་སྙན་སེང་ཞུས། ལེ་ཕེང་ཧྥེ་ཡིས་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་སེང་ཞུས།
སྤྱི་ཟླ་དང་པོའི་ཚེས3ཉིན་གྱི་ཕྱི་དྲོར། སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པས་ཚོགས་ཆེན་ཐེངས་གཉིས་པ་འཚོགས་པ་རེད། སུན་ཧྥེ་ཡིས་གྲོས་ཚོགས་གཙོ་འགན་བཞེས།
ཝུའུ་ལེའང་ཅུན་གྱིས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་ཀའི་སྙན་སེང་ཞུས། ལེ་ཕེང་ཧྥེ་ཡིས་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་སེང་ཞུས་པ་རེད།
ཐེངས་འདི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཁྲེང་ཧོང་པའོ་དང་ཧྥན་ཝུན་ཧྭ། རྡོ་རྗེ་བཀྲ་ཤིས། ཅང་ཞིའུ་དབྱིན། སུན་ཧྥེ། ཨ་རྒྱས་བུ་ཕྲུག ལེ་ཅན་ཕིང་བཅས་རེད།
ཝུན་ལེའང་ཅུན་གྱིས་སྙན་སེང་ནང་གསུངས་དོན། 2018ལོར་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གཅིག་ནི་མ་སྐུལ་དང་བླངས་ཀྱིས་བྱ་སྤྱོད་སྤེལ་ནས་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་ལ་ཞབས་འདེགས་ཞུ་དགོས། གཉིས་ནི་འགན་ནུས་ལ་བརྟེན་ནས་འདྲི་གཅོད་དང་ལག་བསྟར་གཏང་རྒྱུའི་ལས་ཀ་ཡག་པོ་བསྒྲུབ་དགོས། གསུམ་ནི་འགག་སྒྲོལ་དཀའ་སེལ་བྱས་ནས་ཁྲིམས་འཛིན་བཅོས་བསྒྱུར་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏང་དགོས། བཞི་ནི་རྨང་རྩ་གཉིས་བརྟན་བྱས་ནས་འགོ་ཁྲིད་ཚན་ཁག་དམ་འཛིན་དང་དཔུང་སྡེ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས།
ཝུའུ་ལེའང་ཅུན་གྱིས་སྙན་སེང་ནང་གསུངས་དོན། དྲང་བདེན་དྲང་གཞག་ནི་ནམ་ཡང་མི་དམངས་ཁྲིམས་ཁང་གིས་འབད་བརྩོན་བྱ་ཡུལ་ཡིན་ལ། ཁྲིམས་འཛིན་དམངས་ཀྱི་དོན་དུ་ཡིན་པ་ནི་ཁྲིམས་ཁང་གི་ལས་བྱེད་པ་དང་ཉེན་རྟོག་པའི་འགྱུར་མེད་ཀྱི་ཐོག་མའི་བསམ་འདུན་ཡིན་པས། ལོ་གསར་པའི་ནང་། ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་ཁུལ་ཨུའི་སྲ་བརྟན་གྱི་འགོ་ཁྲིད་འོག་ཏུ་ནན་ཏན་གྱིས་ཐེངས་འདིའི་ཚོགས་ཆེན་གྱི་གྲོས་ཆོད་དོན་འཁྱོལ་བྱ་དགོས་ཤིང་། འགན་འཁྲི་ཤེས་ཤིང་འགན་ཁུར་ཕོད་པ། བྱ་གཞག་ཏན་ཏིག་བསྒྲུབས་ཏེ་ཁྱོན་ཡོངས་ནས་སྟོབས་འབྱོར་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པའི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་བྱ་རྒྱུའི་རྒྱང་སྐྱོད་གསར་པར་བྱས་རྗེས་གསར་པ་དེ་བས་ཆེན་པོ་གཞག་དགོས།
ལི་ཕེང་ཧྥེ་ཡིས་སྙན་སེང་ནང་གསུངས་དོན། 2018ལོར་ཁུལ་ཞིབ་དཔྱོད་ཁང་གིས་གཅིག་ནི་བསམ་བློ་གསར་པས་རྒྱང་སྐྱོང་གསར་པར་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་ཞིབ་དཔྱོད་ལེའུ་གསར་པ་བྲི་གང་ཐུབ་བྱ་དགོས། གཉིས་ནི་དམིགས་ཡུལ་གསར་པས་འཇོན་ཐང་གསར་པར་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་དགུས་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་ཡོང་བ་དང་དབུལ་ཐར་འབྱོར་འབྲིང་དུ་སྐྱོད་པར་སྲུང་འགན་འཁུར་དགོས། གསུམ་ནི་འདུ་ཤེས་གསར་པས་འཕེལ་རྒྱས་གསར་པར་ཁ་ཕྱོགས་གཏན་འཁེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རྒྱུན་ཆད་མེད་པར་ཞིབ་དཔྱོད་ལས་ཀའི་གནས་བབ་གསར་པ་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས། བཞི་ནི་བླང་བྱ་གསར་པས་འཛུགས་སྐྱོང་གསར་པར་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཁྱོན་ཡོངས་ནས་ཞིབ་དཔྱོད་དཔུང་སྡེ་འཛུགས་སྐྱོང་བྱ་དགོས།
ལི་ཕེང་ཧྥེ་ཡིས་སྙན་སེང་ནང་གསུངས་དོན། ལོ་གསར་པའི་ནང་དུ། ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱེད་ཅིང་། ཁུལ་ཨུ་དང་ཞིང་ཆེན་ཞིབ་དཔྱོད་ཁང་གི་ཡང་དག་པའི་འགོ་ཁྲིད་འོག། དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་དང་། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ། སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐུལ་བཅས་རང་རྟོགས་ཀྱིས་དང་ལེན་ཞུ་ཞིང་། འགན་འཁྲི་འཁུར་ཤུགས་ཇེ་ཆེར་གཏོང་བ་དང་། ལས་ཀ་དོན་འཁྱོལ་ཧུར་ཐག་བྱེད་ཅིང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དཀར་མཛེས་ཁུལ་ཞིབ་དཔྱོད་ཀྱི་ལེའུ་གསར་པ་འབྲི་པར་འབད་འཐབ་བྱས་ཏེ་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྲུན་བྱེད་པར་བྱས་རྗེས་དེ་བས་ཆེན་པོ་གཞག་དགོས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10