རང་ཁུལ་གྱིས་གོ་རིམ་ལྡན་པའི་སྒོས་གྲོང་ཁྱེར་གྱི་སྤྱིལ་ཁང་ཐབས་ཆག་གི་སྡོད་ཁུལ་བསྒྱུར་བཀོད་བྱ་རྒྱུར་སྐུལ་འདེད་བཏང་།

དབྱངས་ཅན་གྱིས་བསྒྱུར།        2015-03-16

ཉེ་བའི་ལོ་ཤས་རིང་རང་ཁུལ་གྱིས་བྱེད་ཐབས་བླངས་ནས་གོ་རིམ་ལྡན་པའི་སྒོས་གྲོང་ཁྱེར་གྱི་སྤྱིལ་ཁང་ཐབས་ཆག་གི་སྡོད་ཁུལ་བསྒྱུར་བཀོད་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།
  སྤྱིལ་ཁང་ཐབས་ཆག་གི་སྡོད་ཁུལ་བསྒྱུར་བཀོད་བྱ་རྒྱུ་དང་རྣམ་པ་གསར་པའི་གྲོང་རྡལ་ཅན་དུ་འཛུགས་སྐྲུན་བྱ་རྒྱུ། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ཡོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་བཅས་གཅིག་གྱུར་སྐུལ་འདེད་གཏང་རྒྱུ་རྒྱུན་འཁྱོངས་དང་། གྲོང་ཁྱེར་འཆར་འགོད་དང་། ས་ཞིང་བེད་སྤྱོད་འཆར་འགོད། སྡོད་ཁང་འགན་སྲུང་གི་འཛུགས་སྐྲུན་འཆར་འགོད་བཅས་ལ་དམིགས་ནས་དམིགས་ཡུལ་གྱི་ལས་འགན་གཏན་ཁེལ་བྱས། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གྲོང་རྡལ་གྱི་ཉེན་ཁ་ཆེ་བའི་སྤྱིལ་ཁང་ཐབས་ཆག་གི་སྡོད་ཁུལ་བསྒྱུར་བཀོད་བྱེད་པའི་རྣམ་གྲངས་དང་འགན་སྲུང་རང་བཞིན་གྱི་སྡོད་ཁང་།ལས་བྱེད་པའི་འཁོར་རྒྱུག་སྡོད་ཁང་བཅས་མཉམ་དུ་འཛུགས་སྐྲུན་བྱས་པ་དང་། ཁག་དབྱེ་ནས་དུད་ཚང11215ཡི་སྤྱིལ་ཁང་ཐབས་ཆག་གི་སྡོད་ཁུལ་བསྒྱུར་བཀོད་བྱས་པ་དང་། ནུས་ལྡན་གྱིས་མངོན་མེད་རྐྱེན་ངན་ཡོད་སའི་སྡོད་ཁུལ་དང་། སྡོད་ཁུལ་རྙིང་པ། གྲོང་ཁུལ་ཁྲོད་ཀྱི་གྲོང་སྡེ། འདུས་སྡེ་གྲོང་རྡལ་ཆུང་གྲས་ཀྱི་ཉེན་ཁ་ཆེ་བའི་ཐབས་ཆག་གི་སྡོད་ཁུལ་དུ་ཡོད་པའི་ལས་བཟོའི་ཁྱིམ་ཚང་གི་སྡོད་ཁང་གི་དཀའ་ངལ་གནད་དོན་ཐག་གཅོད་བྱས། བདག་སྐྱོང་དང་། སྲུང་སྐྱོང་། བསྒྱུར་བཀོད་བཅས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། བསྒྱུར་བཀོད་ལས་ཀའི་ཁྲོད་ལོ་རྒྱུས་རིག་གནས་ལྡན་པའི་ས་ཁུལ་དང་བཟོ་སྐྲུན་ལ་སྲུང་སྐྱོང་ཏན་ཏིག་བྱས་ནས། མི་རིགས་རིག་གནས་ཀྱི་སྲོལ་རྒྱུན་རྣམ་པ་དང་ཁྱད་ཆོས་མཚོན་པ། 《རྒྱལ་དབང་ས་ཞིང་དུ་སྡོད་ཁང་བསྡུ་ལེན་བྱེད་པར་ཁ་གསབ་རོགས་དངུལ་སྤྲོད་པའི་ཁྲིམས་སྲོལ》གྱི་འབྲེལ་ཡོད་གཏན་འབེབས་ལྟར། སྤྱིལ་ཁང་ཐབས་ཆག་གི་སྡོད་ཁུལ་གསར་དུ་བསྐྲུན་པའི་སྡོད་ཁུལ་གྱི་ཆུ་དང་། གློག སོ་རླངས་བཅས་དང་།ཆ་འཕྲིན། བཙོག་ཆུ། གད་སྙིགས་གཙང་སེལ་བྱ་རྒྱུ་སོགས་གྲོང་ཁྱེར་གྱི་སྒྲིག་ཆས་དང་སློབ་གསོ། སྨན་བཅོས་འཕྲོད་བསྟེན་སོགས་སྤྱི་པའི་ཆ་ཚང་བའི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ལས་ཀ་ཡག་པོ་བསྒྲུབས་ཡོད། རྣམ་གྲངས་ཀྱི་གཞི་རྩའི་འཛུགས་སྐྲུན་གྱི་གོ་རིམ་ལག་བསྟར་ནན་པོ་བྱས་པ་དང་། ཚན་རིག་དང་མཐུན་པ་དང་ལུགས་མཐུན་གྱི་སྒོས་རྣམ་གྲངས་འཛུགས་སྐྲུན་གྱི་གཞི་ཁྱོན་དང་། ཨར་ལས་བཟོ་སྐྲུན་གྱི་འགྲོ་གྲོན་དང་དམིགས་ཚད་གཏན་ཁེལ་བྱས། ཨར་ལས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རྣམ་གྲངས་ཀྱི་སྤུས་ཚད་དང་ཉེན་མེད་ཡོང་བར་ཁག་ཐེག་བྱས་པ་རེད། ། 
  • ལེ་ཚན་སྔོན་མ།:ལོ་གཅིག་ཐེངས་གཅིག་གི་མཐོ་རྒྱུགས་སྤྲད་རྒྱུའི་དུས་ཚོད་མགྱོགས་མྱུར་དུ་བསླེབ་གྲབས་ཡོད་པ་རེད།
  • ལེ་ཚན་རྗེས་མ།:མི་ཉག་སྐྱ་གད་དུ་རྟ་རྒྱུག་འགྲན་བསྡུར་བྱས།
  • དོ་སྣང་ཆེ་བའི་རྩོམ།