བོད་ཁུལ་གྱི་སྡོད་ཁང་གསར་པའི་ལས་གྲྭ་ཡིས་རང་ཁུལ་གྱི་དབུལ་ཕོངས་མང་ཚོགས་སྡོད་ཁང་ཡག་པོའི་ནང་སྡོད་པར་རོགས་རམ་བྱས།

ཀུན་དགས་བསྒྱུར།        2017-12-19

ཞིང་ཆེན་ཡོངས་ཀྱི་བོད་ཁུལ་དུ་སྡོད་ཁང་གསར་པའི་ལས་གྲྭ་ལག་བསྟར་བྱས་པ་ནས་བཟུང་། རང་ཁུལ་གྱིས་ཚན་རིག་དང་མཐུན་པའི་ཇུས་འགོད་དང་འཆར་འགོད་གནད་སྨིན། འཛུགས་སྐྲུན་གྱི་ལས་འགན་ཚུལ་མཐུན་གྱི་བཀོད་སྒྲིག་བྱས་ནས་དབུལ་ཕོངས་མང་ཚོགས་ཀྱི་སྡོད་ཁང་བསྒྱུར་བཀོད་ཐད་གྲུབ་འབྲས་མངོན་གསལ་ཅན་ཐོབ་ཡོད་པ་རེད།

དབུལ་ཕོངས་མང་ཚོགས་སྡོད་ཁང་ཡག་པོའི་ནང་བསྡད་ཐུབ་པ་དང་། འཚོ་བ་ཡག་པོ་རོལ་ཐུབ་པར་འགན་ལེན་བྱ་ཆེད། ཞིང་ཆེན་སྲིད་གཞུང་གིས་དབུལ་ཕོངས་དུད་ཚང་ལ“ཅི་མི་འདང་ན་དེ་གསབ་རྒྱུའི” རྩ་དོན་ལྟར། 2016ལོར2016ལོ་ནས2020ལོའི་བར་གྱི་བོད་ཁུལ་གྱི་སྡོད་ཁང་གསར་པ་འཛུགས་སྐྲུན་བྱེད་པའི་ལག་ལེན་འཆར་འགོད>>གཏན་འབེབས་བྱས་ཡོད་པ་རེད། དུད་ཚང་རེར་སྒོར་ཁྲི2རེ་ཁ་གསབ་བྱ་རྒྱུའི་ཚད་གཞི་ལྟར། ཁ་གསབ་མ་དངུལ་སྒོར་དུང་ཕྱུར9.8018གཏོང་སྤྲོད་བྱ་རྒྱུའི་འཆར་གཞི་བཞག་ནས་རང་ཁུལ་གྱི་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང49009ཡི་ཉེན་ཁ་ཡོད་པའི་ཁང་པ་བསྒྱུར་བཀོད་བྱ་རྒྱུ་ཡིན་པ་རེད། 2016ལོ་ནས་ད་བར་རང་ཁུལ་གྱིས་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་དུད་ཚང24213གྱི་ཉེན་ཁ་ཡོད་པའི་ཁང་པ་བསྒྱུར་བཀོད་བྱས་ཡོད་ཅིང་། ཁ་གསབ་མ་དངུལ་སྒོར་དུང་ཕྱུར4.8426ཁ་ཐོག་ལག་བཞག་བྱས་པའི་ནང་དུ2016ལོར་དུད་ཚང13313གྱི་ཉེན་ཁ་ཡོད་པའི་ཁང་པ་བསྒྱུར་བཀོད་བྱས་པ་དང་ཁ་གསབ་མ་དངུལ་སྒོར་དུང་ཕྱུར2.6626ཁ་ཐོག་ལག་བཞག་བྱས་ཡོད་པ་དང་། 2017ལོར་དུད་ཚང10900ཡི་ཉེན་ཁ་ཡོད་པའི་ཁང་པ་བསྒྱུར་བཀོད་བྱས་ནས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར2.18ཁ་ཐོག་ལག་བཞག་བྱས་ཏེ་དབུལ་ཕོངས་མང་ཚོགས་ཀྱི་སྡོད་ཁང་ཉེན་ཁ་མེད་པའི་འགན་སྲུང་དང་། སྡོད་ཁང་གི་ཆ་རྐྱེན་མངོན་གསལ་ལེགས་བཅོས་བྱས་ཡོད་པས་དབུལ་ཕོངས་གྲོང་ཚོའི་དབུལ་ཞྭ་ཕུད་པར་རྨང་གཞི་བརྟན་པོ་བཏིང་བ་རེད།།


  • ལེ་ཚན་སྔོན་མ།:ལི་ཐང་རྫོང་དགའ་བ་གྲོང་རྡལ་གྱིས་གློག་རྡུལ་ཚོང་དོན་གྱི་གསོ་སྦྱོང་འཛིན་གྲྭ་བཙུགས།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གི་ཆུ་བཤེར་རྩམ་པ་རྒྱལ་ཁབ་ཀྱི་ས་གཤིས་མཚོན་རྟགས་ཀྱི་ཐོན་རྫས་སྲུང་སྐྱོང་གྲས་སུ་ཚུད།
  • དོ་སྣང་ཆེ་བའི་རྩོམ།