ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་རྟའུ་དང་བྲག་འགོ་རུ་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སྒྲོག་འགྲེལ་བྱས།

བདེ་སྐྱིད་ཀྱིས་བསྒྱུར།        2017-12-12

      རྟའུ་རྫོང་།

      ཟླ་བ12པའི་ཚེས1ཉིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སློབ་སྦྱོང་བྱེད་མཁན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་རྟའུ་རྫོང་ཁང་གསར་ཤང་དུ་སྒྲོག་འགྲེལ་བྱས་པ་རེད། སྒྲོག་འགྲེལ་བྱ་ཡུལ་དུ་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཚོ་ཆུང་དགུ་པའི་ཁོངས་མི། གློག་རྡུལ་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཝུའུ་མན་དབྱིས་གོ་བདེ་ཤེས་སླའི་ཁ་སྐད་ཐོག་ནས་སྒྲོག་འགྲེལ་བྱས་ཏེ། བོད་ཁུལ་གྱི་གཞི་རིམ་གྲོང་མིས་དོ་ཁུར་བྱེད་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་ཅི་འདྲ་བྱས་ནས་གྲོང་སྡེའི་ནང་དོན་འཁྱོལ་བྱ་རྒྱུ་དང་ཅི་འདྲ་བྱས་ནས་གྲོང་དམངས་ལ་ཕན་པ་བཟོ་སྟངས་ཐད་སྒྲོག་འགྲེལ་བྱས་པ་རེད།

      བྲག་འགོ་རྫོང་།

      ཟླ་བ12པའི་ཚེས2ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཚོ་ཆུང་དགུ་པའི་ཁོངས་མི། གློག་རྡུལ་ཚན་རྩལ་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཡོན་ཀྲང་། དགེ་རྒན་ཆེན་མོ་ཝུའུ་མན་དབྱིས་བྲག་འགོ་རྫོང་གཞི་མདའ་ཤང་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སྒྲོག་འགྲེལ་བྱས་ནས། གཞི་མདའ་ཤང་གི་ལས་བྱེད་པ་དང་ཤང་ཡོངས་ཀྱི་སྲིད་འཛིན་གྲོང་སྡེ8ཀྱི་གྲོང་སྡེ་ལས་བྱེད་པ། ནགས་སྲུང་བ་བཅས་ཁྱོན་བསྡོམས་མི110ཡིས་ཐེངས་འདིའི་སྒྲོག་འགྲེལ་སྙན་ཞུ་ལ་ཉན་འཇོག་བྱས་པ་རེད།

དེ་དང་ཆབས་ཅིག བྲག་འགོ་རྫོང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སྒྲོག་འགྲེལ་ཚོགས་པས་རྫོང་ཨུའི་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་པ་ལྟར། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བ་དང་ནང་དོན་ཕུན་སུམ་ཚོགས་པའི་སྒྲོག་འགྲེལ་བྱེད་སྒོ་མང་པོ་སྤེལ་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་ཤང་དང་གྲོང་སྡེར་བརྒྱུད་བསྒྲགས་བྱས་ཏེ་མང་ཚོགས་ཀྱིས་གོ་བདེ་བ་དང་གོ་བ་ལེན་པ། དོན་འཁྱོལ་བྱེད་ཐུབ་པ་བཅས་བྱས་པ་རེད།།


  • ལེ་ཚན་སྔོན་མ།:དར་མདོ་ས་ཁུལ་གྱི་དད་ལྡན་མང་ཚོགས་ལྔ་མཆོད་ཀྱི་ཆོ་གར་བྲེལ་བཞིན་པ།
  • ལེ་ཚན་རྗེས་མ།:དར་མདོར་ལྔ་མཆོད་དགོན་པས་དགའ་ལྡན་ལྔ་མཆོད་བསུ།
  • དོ་སྣང་ཆེ་བའི་རྩོམ།