དཀར་མཛེས་ཁུལ་གྱི་ཁུལ་དཔོན་ཡེ་ཤེས་ཟླ་བས་དཀར་མཛེས་བོད་ཁུལ་དུ་དབུལ་སྐྱོར་གནད་ལ་ཁེལ་བ་བྱ་རྒྱུ་ཡིན་ཞེས་གསུངས།

        2015-03-13

དཀར་མཛེས་ཁུལ་གྱི་ཁུལ་དཔོན་ཡེ་ཤེས་ཟླ་བས་དཀར་མཛེས་བོད་ཁུལ་དུ་དབུལ་སྐྱོར་གནད་ལ་ཁེལ་བ་བྱ་རྒྱུ་ཡིན་ཞེས་གསུངས།

 སྤྱི་ཟླ30པའི་ཚེས་10ཉིན།རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི།སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་ཁུལ་དཔོན་ཡེ་ཤེས་ཟླ་བ་ལ་མཚོན་ན།2020ལོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱ་བའི་དམིགས་འབེན་དེ་ནི་དམ་འཛིན་ནན་མོ་བྱ་དགོས་པ་ཞིག་རེད།ཡེ་ཤེས་ཟླ་བས་ཀྲུང་གོའི་དཔལ་འབྱོར་དྲ་བའི་གསར་འགོད་པར།དཀར་མཛེས་ཁུལ་དུ་དཀའ་ཁག་ཅན་གྱི་མི་གྲངས་ཁྲི་40ཡོད་ཅིང་།ཁོ་ཚོར་དབུལ་སྐྱོར་གནད་ལ་ཁེལ་བ་བྱས་ཏེ་མང་ཚོགས་གཅིག་ཀྱང་རྗེས་ལུས་སུ་མི་གཏོང་བ་ནི་འགག་རྩ་ཡིན།ཁྱིམ་ཚང་དབུལ་བོ་དག་ལ་ཆེད་དམིགས་རོགས་སྐྱོར་བྱ་ཆེད།དཀར་མཛེས་ཁུལ་གྱིས་ཁུལ་ཡོངས་ཀྱི་དབུལ་སྐྱོར་ལས་ཀ་གནད་དུ་ཁེལ་བའི་བྱེད་ཐབས་སྤྱད་ནས།ནུས་ཤུགས་ཡོད་རྒུས་དབུལ་སྐྱོར་ལས་ཀར་ཕྱོགས་ཡོངས་ནས་གྲུབ་འབྲས་ཡག་པོ་ལོན་པར་བྱ་རྒྱུ་ཡིན་ཞེས་གསུངས།།
  • ལེ་ཚན་སྔོན་མ།:ལི་ཁེ་ཆང་སི་ཁྲོན་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཕེབས་ཏེ་དཀར་མཛེས་ཁུལ་དར་རྒྱས་ཡོང་བའི་སྨོན་འདུན་ཞུ།
  • ལེ་ཚན་རྗེས་མ།:ཕྱག་ཕྲེང་རྫོང་གིས་བྱེད་ཐབས་དྲུག་བླངས་ནས་ནགས་ཚལ་དང་རྩྭ་ཐང་མེ་འགོག་ལས་ཀར་དམ་འཛིན་ཡག་པོ་བྱས།
  • དོ་སྣང་ཆེ་བའི་རྩོམ།