ལྷ་འཛོམས་ཀྱིས་བསྒྱུར། 2017-11-23
ཉེ་ཆར། རང་ཁུལ་གྱི་རིམ་པ་ཁག་དང་སྡེ་ཁག་སོ་སོས་རང་ངོས་ཀྱི་ཁྱད་ཆོས་གཞིར་བཟུང་ནས་རྣམ་པ་གསར་གཏོད་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པ་རེད།
ཁུལ་སྲིད་གྲོས་ཀྱི་ལས་ཁུངས།
ཟླ་བ11པའི་ཚེས9ཉིན་གྱི་ཕྱི་དྲོར། ཁུལ་སྲིད་གྲོས་ཀྱི་ལས་ཁུངས་ཀྱིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་མ་ཡིག་སློབ་སྦྱོང་བྱེད་པའི་ཆེད་དོན་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག《ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་ནན་ཏན་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》དང་། 《དཀར་མཛེས་ཁུལ་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལས་དོན་གྱི་ཇུས་གཞི》བརྒྱུད་བསྒྲགས་བྱས་པ་དང་། ཁུལ་སྲིད་གྲོས་ཀྱི་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་གཏོང་བའི་རྩ་འཛུགས་སྒྲིག་གཞི་འཛུགས་སྐྱོང་དང་ལས་ཀའི་ཇུས་གཞི་སོགས་ཀྱི་གནས་ཚུལ་བརྡ་ཁྱབ་གཏོང་བ་རེད།
ཁུལ་ཐད་གཏོགས་ལས་སྒྲུབ་ཨུ་ལྷན།
ཟླ་བ11པའི་ཚེས13ཉིན། ཁུལ་ཐད་གཏོགས་ལས་སྒྲུབ་ཨུ་ལྷན་གྱིས་ལས་ཁུངས་ཀྱི་སློབ་ཁང་ནང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ་རེད། ཐེངས་འདིའི་སྒྲོག་འགྲེལ་ཚོགས་འདུ་ནང་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་ཐིང་རིམ་པའི་སྐོར་ཞིབ་པ་ཝང་སུའུ་ཡིས་གདན་ཞུ་ལྟར། སྒྲོག་འགྲེལ་གཙོ་ཁྲིད་བྱས་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10