ཐོག་མའི་བསམ་འདུན་མ་བརྗེད་ཅིང་འགན་འཁྲི་བློར་བརྟན་པོར་ངེས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་གྱིས་བསམ་བློར་དྲག་ཆས་སྤྲས་ཏེ་ལག་ལེན་ལ་ཁྲིད་སྟོན་དང་ལས་ཀར་སྐུལ་འདེད་གཏང་དགོས།

ལྷ་འཛོམས་ཀྱིས་བསྒྱུར།        2017-11-13

 ཐོག་མའི་བསམ་འདུན་མ་བརྗེད་ཅིང་འགན་འཁྲི་བློར་བརྟན་པོར་ངེས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་གྱིས་བསམ་བློར་དྲག་ཆས་སྤྲས་ཏེ་ལག་ལེན་ལ་ཁྲིད་སྟོན་དང་ལས་ཀར་སྐུལ

    ཟླ་བ11པའི་ཚེས6ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་ཆེད་དམིགས་ནས་རྟའུ་རྫོང་དུ་ཕེབས་ནས་བརྟག་དཔྱད་ཞིབ་འཇུག་གནང་བ་དང་གཞི་རིམ་དུ་ཟབ་འཇུག་གནང་སྟེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སྒྲོག་འགྲེལ་གནང་བ་རེད། ཁོང་གིས་ནན་གསུང་གནང་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བསྟར་བ་ནི་དེང་སྐབས་ཀྱི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་མྱུར་དུ་ཁུལ་ཡོངས་སུ་ཚ་ཚ་འུར་འུར་གྱིས་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་བྱེད་ཅིང་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་དེ་དཀར་མཛེས་ཁུལ་དུ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་ཞིང་། ཐོག་མའི་བསམ་འདུན་མ་བརྗེད་ཅིང་འགན་འཁྲི་བློར་བརྟན་པོར་ངེས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་གྱིས་བསམ་བློར་དྲག་ཆས་སྤྲས་ཏེ། ལག་ལེན་ལ་ཁྲིད་སྟོན་བྱེད་པ་དང་། ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱ་དགོས།

     བརྟག་དཔྱད་སྒྲོག་འགྲེལ་ཁྲོད་ལིའུ་ཁྲེང་མིང་གིས་གཙོ་གནད་དུ་རྟའུ་རྫོང་གི་ཐོན་ལས་ལ་བརྟེན་ནས་དབུལ་ཐར་འགག་སྒྲོལ་ལས་ཀར་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་མངོན་གསལ་ལས་སྟངས་ལ་བརྟག་དཔྱད་ཞིབ་འཇུག་གནང་བ་རེད། རྟའུ་རྫོང་དགེ་བཤེས་ཤང་གི་ཐོན་ལས་རོགས་སྐྱོར་དཔེ་སྟོན་ལྡུམ་རའི་ནང་ལིའུ་ཁྲེང་མིང་གིས་གཟིགས་ཞིབ་བྱེད་ཞོར་གནས་ཚུལ་ཞིབ་པོ་ཆ་རྒྱུས་བླངས་པ་རེད། ཁོང་གིས་ཐོན་ལས་ར་བ་དེ་དབུལ་ཕོངས་ཏང་ཡོན་གྱི་དབུལ་སྐྱོར་གནད་སྨིན་དཔེ་སྟོན་ལས་གཞི་མ་དངུལ་དང་ཐོན་ལས་རོགས་སྐྱོར་མ་དངུལ་སྡེབ་སྒྲིག་བྱས་ནས་གཉེར་བ་ཡིན་པ་དང་། ཏང་ཀྲི་པུའུ་དང་ཁེ་ལས་། ཞིང་པ་བཅས་གསུམ་མཉམ་ལས་བདག་གཉེར་བྱེད་སྟངས་ཀྱིས་ཤང་དེའི་དབུལ་ཐར་འགག་སྒྲོལ་ལས་ཀའི་ཁྲོད་ནུས་པ་ཆེན་པོ་འདོན་ཐུབ་ཡོད་པ་ཤེས་དུས་ཐུགས་ཧ་ཅང་དགྱེས་པ་རེད། ཁོང་གིས་རྫོང་དང་ཤང་། གྲོང་སྡེ་བཅས་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པར་ནན་ཏན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སློབ་སྦྱོང་ལག་བསྟར་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་དྲག་ཆས་སྤྲས་ཤིང་། ལག་ལེན་ལ་ཁྲིད་སྟོན་དང་ལས་ཀར་སྐུལ་འདེད་གཏོང་ཞིང་། སྔར་ལྷག་གིས་ཐོན་ལས་ཀྱིས་དབུལ་ཐར་འགག་སྒྲོལ་ལས་ཀར་སྐུལ་འདེད་གཏོང་རོགས་བྱེད་པར་བརྩོན་ནས་དགེ་བཤེས་ཤང་གི་ཐོན་ལས་འཕེལ་རྒྱས་གཏོང་བའི་ལམ་ཇེ་ཆེ་རུ་གཏོང་བ་དང་དགེ་བཤེས་ཤང་གི་འཕེལ་རྒྱས་གཏོང་བའི་ཉམས་མྱོང་དེ་དཀར་མཛེས་བོད་ཁུལ་དུ་ཁྱབ་སྤེལ་ཐུབ་པ་བྱ་དགོས་པའི་སྐུལ་མ་གནང་བ་དང་། ཁོང་གིས་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱས་ཏེ་རང་སྟོབས་རང་སྤེལ་དང་ལས་བརྩོན་ཕྱུག་འགྱུར་ཡོང་བ་བྱས་ཏེ་ཏང་དྲིན་དྲན་དང་། མེས་རྒྱལ་ལ་གཅེས་པ། བཅའ་ཁྲིམས་སྲུང་བ། འབྱོར་འབྲིང་སྐྲུན་པ་ཞེས་པའི་རྣམ་པ་གསར་པའི་ཞིང་འབྲོག་པ་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།

     ལིའུ་ཁྲེང་མིང་གིས་ལས་བྱེད་པ་དང་མང་ཚོགས་ལ་སྒྲོག་འགྲེལ་བྱེད་སྐབས་ནན་གསུང་གནང་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སློབ་སྦྱོང་ཡག་མོ་དང་དྲིལ་བསྒྲགས་ཡག་མོ། ལག་བསྟར་ཡག་མོ་བཅས་བྱ་དགོས། དེ་ནི་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་ཆེས་གལ་ཆེན་དང་ཨང་དང་པོ་ཡིན་ཞིང་། རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་ཁོང་དུ་འཕྱུགས་མེད་ཆུད་པ་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་ཏང་གིས་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་བྱེད་པའི་ཐོག་གཅིག་གྱུར་ཡོང་བ་བྱས་ནས་སྔར་ལྷག་གིས་འདུ་ཤེས་བཞི་ཇེ་དྲག་གཏོང་བ་དང་། ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་བློར་བརྟན་པོར་ངེས་ནས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལམ་བུ་གསར་པའི་ཐོག་དཀར་མཛེས་ཁུལ་གྱི་ཤོག་ལྷེ་གསར་པ་བྲི་དགོས།།


  • ལེ་ཚན་སྔོན་མ།:ཐུན་མོང་དུ་ཀྲུང་གོའི་མཛའ་གཞས་འདུ་ཚོགས་བསྐྲུན་ནས་མཛའ་གཞས་ཀྲུང་གོ་ཞེས་པའི་རིག་གནས་ཐོན་ལས་ཀྱི་འབྲེལ་ཐག་གྲུབ་པ།།
  • ལེ་ཚན་རྗེས་མ།:འགྲིམ་འགྲུལ་ལས་གཞི་འཛུགས་སྐྲུན་མགྱོགས་སུ་བཏང་ནས་འགོག་རྐྱེན་བཅུར་འགག་གཏོར་ཤུགས་ཆེ་རུ་གཏང་དགོས།
  • དོ་སྣང་ཆེ་བའི་རྩོམ།