རྒྱལ་ཁབ་དང་ཞིང་ཆེན་གྱི་ལས་སྒྲུབ་རུ་ཁག་རང་ཁུལ་དུ་ཡོང་ནས་སེར་ཤུལ་རྫོང་གི་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཚོད་ལྟ་བྱེད་གནས་སུ་དུས་སྐབས་བར་མར་ཚོད་དཔག་བྱས་པ་རེད།

བཀྲ་ཤིས་དོན་འགྲུབ། ཚེ་རིང་དབང་འདུས།        2017-11-09


རྒྱལ་ཁབ་དང་ཞིང་ཆེན་གྱི་ལས་སྒྲུབ་རུ་ཁག་རང་ཁུལ་དུ་ཡོང་ནས་སེར་ཤུལ་རྫོང་གི་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཚོད་ལྟ་བྱེད་གནས་སུ་དུས་སྐབས་བར་མར་ཚོད་དཔག་བྱས་པ་རེ

    ཟླ་བ11པའི་ཚེས2ཉིན་གྱི་སྔ་དྲོར།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  ཁུལ་དཔོན་ཞའོ་ཡིའུ་ཚའེ་དར་མདོར་རྒྱལ་ཁབ་གྱི་འཕྲོད་བསྟེན་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་གི་ནད་ཡམས་ཚོད་འཛིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལེ་ཀྲིན་ལུང་དང་བཅས་པའི་ལས་སྒྲུབ་རུ་ཁག་གི་མི་སྣ་དང་མཇལ་འཕྲད་གནང་།

    ཞའོ་ཡིའུ་ཚའེ་ཡིས་ལས་སྒྲུབ་རུ་ཁག་དཀའ་ངལ་ཁྱད་དུ་བསད་དེ་རང་ཁུལ་དུ་ཕེབས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག་དཀར་མཛེས་ཁུལ་གྱི་ས་གནས་སོ་སོས་འཐུ་འབུའི་ནད་ཀྱི་འགོག་བཅོས་བྱེད་པར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པས། རྒྱལ་ཁབ་དབུ་བརྙེས་ནས་ད་བར་དུ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། རང་ཁུལ་གྱིས2015ལོའི་ཟླ་བ11པར་སེར་ཤུལ་རྫོང་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཚོད་ལྟ་བྱེད་གནས་བཙུགས་པ་ནས་བཟུང་།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འབད་འབུངས་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་གྱིས་ཏང་ཨུས་འགོ་ཁྲིད་པ་དང་། སྲིད་གཞུང་གིས་འགན་འཁུར་བ།  ཚན་ཁག་སོ་སོས་འགན་སྒྲུབ་པ།  གོང་དཔེ་འོག་སྟོན་དང་ས་ཁུལ་ལྷན་འགོག   ཆེད་ལས་མཁས་པའི་མཛུབ་སྟོན། དམངས་ཚོགས་ནང་ཞུགས་བཅས་ཀྱི་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཐབས་ལམ་བཙུགས་ཏེ། ༼སེར་ཤུལ་གྱི་བྱེད་སྟངས༽ཞེས་པའི་མཐོ་སྒང་འབྲོག་ཁུལ་གྱི་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཀྱི་འཚོལ་སྙེག་དང་གསར་གཏོད་བྱས་ཡོད་ལ།  ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཀྱི་ལས་དོན་ཐད་ལ་གྲུབ་འབྲས་དང་འཕེལ་ཚད་ངེས་ཅན་ཞིག་ཐོབ་ཡོད་ཅེས་གསུངས།

རྒྱལ་ཁབ་དང་ཞིང་ཆེན་གྱི་ལས་སྒྲུབ་རུ་ཁག་རང་ཁུལ་དུ་ཡོང་ནས་སེར་ཤུལ་རྫོང་གི་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཚོད་ལྟ་བྱེད་གནས་སུ་དུས་སྐབས་བར་མར་ཚོད་དཔག་བྱས་པ་རེ

    ཞའོ་ཡིའུ་ཚའེ་ཡིས་བསྟན་དོན།  ཉེ་བའི་ལོ་ཤས་རིང་ལ་རང་ཁུལ་གྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཐད་ལ་གྲུབ་འབྲས་ངེས་ཅན་ཞིག་ཐོབ་ཡོད་ཀྱང་། ལས་དོན་འདི་དག་སྒྲུབ་བའི་སྐབས་སུ་ད་དུང་མི་འདང་བའི་གནད་དོན་མང་པོ་ཡོད་པས་གནད་དོན་འདི་དག་གང་ལྟར་ཐག་གཅད་བྱ་རྒྱུ་ནི་རང་ཁུལ་གྱི་མ་འོངས་པའི་ལས་དོན་གཙོ་བོ་ཡིན་པས།  རང་ཁུལ་གྱིས་བློ་ཐག་རྦད་གཅོད་ཀྱིས་ཏང་ཀྲུང་དབྱང་གི་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཐད་ཀྱི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་།  མུ་མཐུད་དུ་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཀྱི་ལས་དོན་ནན་འཛིན་བྱས་ཏེ  ༼སེར་ཤུལ་གྱི་བྱེད་སྟངས༽ཞེས་པའི་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་དེ་རྒྱལ་ཡོངས་བོད་ཁུལ་དུ་ཁྱལ་བདལ་བཏང་ནས་ཀུན་གྱིས་དཔེ་བལྟ་སའི་ཉམས་མྱོང་དང་འགོག་ཐབས་ཡག་པོར་འགྱུར་ཐུབ་པར་བྱ་རྒྱུ།

རྒྱལ་ཁབ་དང་ཞིང་ཆེན་གྱི་ལས་སྒྲུབ་རུ་ཁག་རང་ཁུལ་དུ་ཡོང་ནས་སེར་ཤུལ་རྫོང་གི་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཚོད་ལྟ་བྱེད་གནས་སུ་དུས་སྐབས་བར་མར་ཚོད་དཔག་བྱས་པ་རེ
རྒྱལ་ཁབ་དང་ཞིང་ཆེན་གྱི་ལས་སྒྲུབ་རུ་ཁག་རང་ཁུལ་དུ་ཡོང་ནས་སེར་ཤུལ་རྫོང་གི་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཚོད་ལྟ་བྱེད་གནས་སུ་དུས་སྐབས་བར་མར་ཚོད་དཔག་བྱས་པ་རེ

    རང་ཁུལ་དུ་དཔྱད་དཔོག་དང་ཞིབ་བཤེར་རྩིས་ལེན་བྱེད་པའི་ཁྲོད་དུ་ལས་སྒྲུབ་རུ་ཁག་སེར་ཤུལ་རྫོང་དུ་དངོས་སུ་བསྐྱོད་ནས་ཡུལ་དངོས་སུ་ལག་རྩལ་ཚོད་སྐོར་བྱས་པ་དང་།  ཁུལ་མི་དམངས་སྨན་ཁང་དང་ཁུལ་ཐུམ་འབུའི་ནད་འགོག་གཞུང་ལས་ཁང་སོགས་ཁུལ་རིམ་པའི་སྡེ་ཁག་དུ་སྲིད་འཛིན་ཚོད་སྐོར་གྱི་ལས་དོན་སྤེལ་བ་རེད།


  • ལེ་ཚན་སྔོན་མ།:འོས་འགན་གསར་པ་ཕྲག་ཏུ་འཁུར་ནས། འཐབ་ལམ་གསར་པའི་ཕྱོགས་སུ་གོམ་ཁ་སྤོ།
  • ལེ་ཚན་རྗེས་མ།:ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་གི་རི་སྔོ་ཆུ་དྭངས་ཀྱི་དགོངས་དོན་ནི་རྒྱང་མཐོང་རང་བཞིན་ཅན་གྱི་དགོངས་དོན་གལ་ཆེན་ཞིག་རེད།
  • དོ་སྣང་ཆེ་བའི་རྩོམ།