རང་ཁུལ་གྱི་ཁུལ་རིམ་པའི་ལས་ཁུངས་སོ་སོ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་འདུར་ཞུགས།

མཁས་གྲུབ་ཀྱིས།        2017-11-08

 རང་ཁུལ་གྱི་ཁུལ་རིམ་པའི་ལས་ཁུངས་སོ་སོ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་འདུར་ཞུགས།

    ཟླ་བ11པའི་ཚེས8ཉིན་གྱི་སྔ་དྲོར། རང་ཁུལ་གྱི་ཁུལ་རིམ་པའི་ལས་ཁུངས་སོ་སོའི་འབྲེལ་ཡོད་མི་སྣ་རྣམས་གཅིག་བསྡུས་ཀྱིས་ཁུལ་ཨུའི་ཚོགས་ཁང་དུ་སི་ཁྲོན་ཞིང་ཆེན་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བརྙན་འཕྲིན་ཁ་པར་གྱི་ཚོགས་འདུར་ཞུགས་པ་རེད།
     སྒྲོག་འགྲེལ་ཚོགས་འདུ་རུ་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་བློ་མཐུན་ཞིས་ཆིང་ཧྲན་སི་ཁྲོན་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བར་ཕེབས་པ་དང་། རང་ཁུལ་གྱི་ཏང་སྲིད་དམག་དང་དམངས་ཆེན། སྲིད་གྲོས། ཁེ་ལས་དང་བྱ་གཞག་སྡེ་ཁག་སོགས་ཁུལ་རིམ་པའི་ལས་ཁུངས་སོ་སོའི་འབྲེལ་ཡོད་མི་སྣ100ལྷག་གཅིག་བསྡུས་ཀྱིས་བརྙན་འཕྲིན་ཁ་པར་གྱི་སྒྲོག་འགྲེལ་ཚོགས་འདུར་ཞུགས་པ་རེད།
     ཞིས་ཆིང་ཧྲན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བརྗོད་དོན་དང་གཙོ་བོའི་གྲུབ་འབྲས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ། འདས་ཟིན་པའི་ལོ་ལྔའི་རིང་གི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་འཕོ་འགྱུར། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་འགལ་བ་དང་འགྱུར་ལྡོག   ལོ་བརྒྱ་ཐམ་པ་གཉིས་ཀྱི་འབད་འཐབ་དམིགས་འབེན་གྱི་འཐབ་ཇུས་བཀོད་སྒྲིག   རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་བཀོད་སྒྲིག་དང་བློ་བརྟན་འགྱུར་མེད་སྒོས་ཏང་ནན་སྐྱོང་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་དགོས་པའི་སྐོར་སོགས་གནད་དོན་ཆེན་པོ་བརྒྱད་ཀྱི་ཐད་ནས་ཁ་གསལ་གོ་བདེའི་ངང་སྒྲོག་འགྲེལ་ཞིབ་མོར་གནང་བ་རེད།

     ཁུལ་རིམ་པའི་འགོ་ཁྲིད་བྱང་ཆུབ་དང་ལི་ཅང་། བྱམས་བློ། ལིའུ་ཅི་ཞང་། ཀྲའོ་པོ། ཧོ་པིའོ། ཁྲེན་ཅིན། པེ་སུའུ་ཡིང་། སུའུ་ཧའེ་ཏུང་། སུན་ཧྥེ་བཅས་བརྙན་འཕྲིན་ཁ་པར་གྱི་སྒྲོག་འགྲེལ་ཚོགས་འདུར་ཞུགས་པ་རེད།

  • ལེ་ཚན་སྔོན་མ།:ནན་ཏན་གྱིས་ལས་ཀ་ཞིབ་ཕྲ་བསྒྲུབས་པ་དང་དུས་ཐོག་ཏུ་ཚང་བཤེར་ཆད་གསབ་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་ཁག་ལ་སྐུལ་འདེད་གཏིང་ཟབ་ཏན་ཏིག་གཏང་དགོས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་བོད་ཁུལ་དམངས་འཚོའི་ལས་གྲྭ་ཆེན་པོ་དྲུག་དམ་འཛིན་བྱས།
  • དོ་སྣང་ཆེ་བའི་རྩོམ།