ཡེ་ཤེས་ལྷ་མོ། 2017-11-03
ཉེ་ཆར། ཉག་རོང་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་ལས་དོན་སྐོར་གྱི་རྒྱས་བཤད་གཙོ་བོའི་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ་རེད། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཁའེ་ཡིས་ཆེད་དོན་སྒྲོག་འགྲེལ་གནང་བ་རེད། རྫོང་ཡོངས་ཀྱི་རྫོང་དཔོན་གཞོན་པ་ཡན་ཆད་ཀྱི་འགོ་ཁྲིད་དང་རྫོང་རིམ་གྱི་ལས་ཁུངས་འགོ་ཁྲིད་ལས་བྱེད་པ210ཚོགས་འདུར་ཞུགས་པ་རེད།
རྫོང་ཨུ་ཧྲུའུ་ཅི་གཞོན་པ་ཕུན་ཚོགས་དབང་འདུས་ཀྱིས་ཚོགས་འདུའི་གཙོ་འགན་བཞེས་ཤིང་། ཚོགས་འདུ་ཐོག་ཏུ་ལི་ཁའེ་ཀྲུའུ་རེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་པ་དང་བསམ་ཕྱོགས་གསར་པ། འཐབ་ཇུས་གསར་པ་ལག་བསྟར་བྱེད་པ་དེ་གཙོ་བོར་བཟུང་ནས་གནས་བབ་གསར་པའི་འོག་ཏང་གིས་བོད་ཁུལ་ལས་ཀའི་གལ་ཆེ་བའི་རིགས་པའི་གཞུང་ལུགས་དང་དངོས་གནས་ཀྱི་དཀའ་གནད་རྣམས་གོ་བདེ་བའི་ཐོག་ནས་ཞིབ་པར་སྒྲོག་འགྲེལ་གནང་བས་མ་ཚད། ཕྱོགས་ཡོངས་ནས་ཏང་གི་དུས་རབས་གསར་པའི་ནང་བོད་སྐྱོང་ཇུས་གཞི་ཆེན་མོ་དང་གནས་བབ་གསར་པའི་འོག་གི་བོད་ཁུལ་ལས་ཀའི་གལ་ཆེ་བའི་རྩ་དོན། དམངས་ཕྱུག་བོད་དར་གྱི་གལ་ཆེ་བའི་སྲིད་ཇུས་བྱེད་ཕྱོགས་སོགས་གསལ་བཤད་གནང་སྟེ། ཚོགས་ཞུགས་མི་སྣ་ཡོངས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་ལས་དོན་གྱི་རྒྱས་བཤད་གཙོ་བོའི་དགོངས་དོན་ལ་བརྟེན་ནས་བོད་ཁུལ་ལས་ཀ་ཡག་པོ་བསྒྲུབ་པའི་རིགས་གཞུང་གི་འདེགས་སྐྱོར་སྲ་ཞིང་བརྟན་པ་ཞིག་མཁོ་འདོན་བྱས་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10