དར་མདོ་རྫོང་དེ་རྫོང་རིམ་པའི་གྲོང་ཁྱེར་དུ་བསྒྱུར་རྒྱུར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་འགོད་བཀའ་ལན་ཐོབ།
བདེ་སྐྱིད་ཀྱིས་བསྒྱུར། 2015-03-05
ཟླ་བ3པའི་ཚེས2ཉིན་གསར་འགོད་པས་ཁུལ་ཨུའི་སྐབས་བཅུ་པའི་རྒྱུན་ཨུའི་གྲོས་ཚོགས་ཐེངས་བཞི་པའི་ཐོག་ནས་ཤེས་རྟོགས་བྱུང་དོན།ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དར་མདོ་རྫོང་དེ་རྫོང་རིམ་པའི་གྲོང་ཁྱེར་དུ་བསྒྱུར་རྒྱུར་མཆན་འགོད་བཀའ་ལན་གནང་བ་རེད།
བཀའ་ལན་ནང་བསྟན་དོན།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བར་བརྒྱུད།དར་མདོ་རྫོང་དེ་རྫོང་རིམ་པའི་གྲོང་ཁྱེར་ལ་བསྒྱུར་རྒྱུའི་ཡིད་མཐུན་བྱས་པ་རེད། སྔོན་མའི་དར་མདོ་རྫོང་གི་སྲིད་འཛིན་ས་ཁུལ་དེ་དར་མདོ་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁུལ་ཡིན་པ་རེད།དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་དེ་དར་མདོ་གྲོང་རྡལ་གནའ་བོའི་ཇ་འདྲེན་གདལ་ལམ་ཁྲོམ་ལམ་གྱི་ཨང་རྟགས་དང་པོ་སར་ཡིན་པ་རེད།དར་མདོ་གྲོང་ཁྱེར་ཉིད་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དོ་དམ་བྱེད་ཁོངས་ཡིན་ཞིང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཆགས་ས་ཡིན་པའི་དར་མདོ་རྫོང་དེ་རྫོང་རིམ་པའི་གྲོང་ཁྱེར་ལ་བསྒྱུར་བ་འདི་ནི་དར་མདོ་རྫོང་མ་ཚད་ཁུལ་ཡོངས་ཀྱི་བཀྲ་ཤིས་པའི་དོན་བཟང་ཞིག་ཀྱང་ཡིན་པ་རེད།།