ལྕགས་ཟམ་རྫོང་གིས་དཔྱིད་གསར་དུས་ཆེན་སྔོན་ལ་སྨན་བཅོས་འཕྲོད་བསྟེན་གྲོང་གསེབ་ཏུ་སྐྱེལ་བའི་བྱེད་སྒོ་སྤེལ།

(བདེ་ཆེན་གྱིས།)        2015-02-12

ཉེ་ཆར།2015ལོའི་དཔྱིད་གསར་དུས་ཆེན་དང་བོད་ལོ་སར་ཤར་གྲབས་བྱེད་སྐབས་ལྕགས་ཟམ་རྫོང་གི་མི་སེར་ཚོས་བདེ་སྐྱིད་དང་འཆམ་མཐུན་ལྡན་པའི་ལོ་སར་ཞིག་རོལ་ཐུབ་པ་དང་ཏང་དང་སྲིད་གཞུང་གི་བདེ་དྲོད་སྐྱེལ་ཐུབ་པའི་ཆེད་དུ།རི་མཐོ་ས་དང་ཐག་རིང་ས།ཡུལ་མི་གནས་སྤོ་ས་ཁུལ་བཅས་ལ་གཞི་རིམ་དུ་སྐྱོད་པ་དང་དམངས་ཀྱི་འཚོ་བར་ཕན་པ།འཕྲོད་བསྟེན་གྲོང་གསེབ་ཏུ་སྐྱེལ་བའི་བྱེད་སྒོ་བཅས་སྤེལ་བ་རེད།
རྫོང་དེའི་འཕྲོད་བསྟེན་ཅུས་ཀྱིས་བྱེད་སྒོ་དེ་དང་བསྟུན་ནས་རྫོང་མི་དམངས་སྨན་ཁང་དང་རྫོང་མི་རིགས་སྨན་ཁང་།རྫོང་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས།རྫོང་མ་བུ་བདེ་སྲུང་ཁང་གི་ཏང་ཡོན་དང་བླངས་པ་དང་སྨན་བཅོས་མི་སྣ12བཅས་སྒྲིག་འཛུགས་བྱས་ནས།རྫོང་དེའི་རི་མཐོ་ས་དང་ཐག་རིང་ས།ཡུལ་མི་གནས་སྤོ་ས་ཁུལ་བཅས་གཞི་རིམ་དུ་སྐྱོད་པ་དང་དམངས་ཀྱི་འཚོ་བར་ཕན་པ།འཕྲོད་བསྟེན་གྲོང་གསེབ་ཏུ་སྐྱེལ་བ་བཅས་བྱེད་སྒོ་སྤེལ་བ་རེད།
  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཚབས་ཆེན་སྔོན་འགོག་ནན་པོ་བྱས། 
  • ལེ་ཚན་རྗེས་མ།:དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་གླུ་གར་ཚོགས་པས་འཇར་མན་དུ་འཁྲབ་སྟོན་ལེགས་འགྲུབ་བྱུང་ཡོད།
  • དོ་སྣང་ཆེ་བའི་རྩོམ།