ས་ཁད་མཐོ་སའི་མི་རིགས་ས་ཁུལ་གྱི་སློབ་མ་ཁྲི29.38ལ་དྲོད་ལེན་ཁ་གསབ་རོགས་དངུལ་ཐོབ།

བདེ་སྐྱིད་ཀྱིས་བསྒྱུར།        2015-02-10

2014ལོར་སི་ཁྲོན་ཞིང་ཆེན་གྱིས་དཀར་མཛེས་དང་རྔ་བ།ལིའང་ཧྲན་བཅས་ཀྱི་ཁུལ་གསུམ་གྱི་ས་ཁད་མཐོ་ས་ཡོད་པའི་སློབ་མར་ཞིང་ཆེན་རིམ་པའི་དྲོད་ལེན་ཁ་གསབ་རོགས་དངུལ་སྒོར་ཁྲི5876བཏང་སྟེ།ས་ཁད་མཐོ་ས་ཡོད་པའི་མི་རིགས་ས་ཁུལ་གྱི་འོས་འགན་སློབ་གསོའི་དུས་རིམ་དུ་གནས་པའི་སློབ་མ་ཁྲི29ལ་དྲོད་ལེན་ཁ་གསབ་རོགས་དངུལ་སྤྲད་རྒྱུའི་འཆར་གཞི་བཞག་ཡོད།ན་ལོའི་ལོ་མཇུག་བར་དུ་སླེབས་སྐབས་སློབ་མ་ཁྲི29.38ལ་དྲོད་ལེན་ཁ་གསབ་རོགས་སྤྲད་ཡོད་ཅིང་། ལས་འགན་འགྲུབ་ཚད་བརྒྱ་ཆ101.32ལ་སླེབས་པ་རེད།  2014ལོར་རང་རེའི་ཞིང་ཆེན་གྱིས་མུ་མཐུད་ནས་ས་ཁད་མཐོ་ས་ཡོད་པའི་མི་རིགས་ས་ཁུལ་གྱི་འོས་འགན་སློབ་གསོའི་སློབ་གྲྭར་དྲོད་ལེན་ཁ་གསབ་རོགས་དངུལ་སྤྲད་རྒྱུའི་ལག་ལེན་བྱས་ཡོད་པས་མ་ཚད།དམངས་འཚོའི་དོན་དངོས་ནང་བཞག་ནས་ས་ཁད་མཐོ་སར་ཡོད་པའི་མི་རིགས་ས་ཁུལ་གྱི་འོས་འགན་སློབ་གསོའི་དུས་རིམ་དུ་གནས་པའི་སློབ་མར་བདེ་དྲོད་སྐྱིད་སྣང་ལྡན་པའི་སློབ་སྦྱོང་བྱེད་སའི་ཁོར་ཡུག་ཅིག་བསྐྲུན་པ་རེད།།
  • ལེ་ཚན་སྔོན་མ།:བོད་ཀྱི་བུད་མེད་སྙན་ངག་པ་ཚེ་རིང་མཁའ་འགྲོའི་སྙན་དེབ་ཐོག་མ་༼སེམས་ཁོང་གི་འཕར་སྒྲ།༽ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།
  • ལེ་ཚན་རྗེས་མ།:ཞིང་ཆེན་གྱི་གཅེས་སེམས་སྤྱི་ཕན་ཐེབས་རྩས་རང་ཁུལ་གྱི་བྱིས་པའི་ཕན་བདེ་ཁང་ལ་གཅེས་སེམས་འབུལ་བའི་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།