ནམ་ཡང་ཆ་སྒྲིག་ཉེ་མཛའ་ཡི་བདེ་སྡུག་ལ་སེམས་ཁུར་བྱས།
ལྷ་འཛོམས་ཀྱིས་བསྒྱུར། 2015-01-22
གྲང་ངར་ཆེ་བའི་དགུན་ཟླ་དང་པོའི་ཚེས16ཉིན་གྱི་སྔ་དྲོར་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་དབྱི་ཧྥན་ལྕགས་ཟམ་རྫོང་གི་ཅཱ་ཅུན་ཤང་གི་ཞིང་མུ་ཁར་ཆ་སྒྲིག་ཉེ་མཛའ་དང་མཉམ་དུ་དགའ་དགའ་སྤྲོ་སྤོའི་ངང་ཁ་བརྡ་ལབ།དབྱི་ཧྥན་གྱིས་སེམས་ཁུར་ཆེན་པོས་ཉེ་མཛའ་ཙན་ཅན་ཧྭའི་ཕྲུ་གུའི་སྦྱངས་འབྲས་ཡར་ཐོན་ཡོང་མིན་དང་སློབ་སྤྱོད་ཡོ་བྱད་འདང་མིན་སྐོར་གྱི་གནས་ཚུལ།ཉེ་མཛའ་ཏུའུ་ཧུའེ་ལིན་གྱི་འཚོ་བའི་གནས་ཚུལ།ཉེ་མཛའ་ཧྥུང་ཞིན་ཞུའུ་ཡི་ལུས་པོ་བདེ་ཐང་ཡིན་མིན་བཅས་ལ་ཆ་རྒྱུས་ཞིབ་མོ་བླངས།ཁོང་གིས་གྲོང་སྡེ་ཡོངས་ཀྱི་འཕེལ་རྒྱས་དང་དམངས་འཚོ།བརྟན་བརླིང་བཅས་ཀྱི་གནས་ཚུལ་ལ་ཐུགས་ཁུར་ཆེན་པོ་བྱེད་ཅིང་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲོའུ་ཙུའུ་ལིན་གྱིས་ཀྲུའུ་ཞི་གྱིས་སེམས་ཁུར་དང་རྒྱབ་སྐྱོར་གནང་འོག་གྲོང་སྡེའི་གཞུང་ལམ་ཚང་མར་ཨར་འདམ་བླུགས་པ་དང་སྡོད་ཁང་གི་རྣམ་པ་བཟོ་བཅོས་ཕལ་ཆེར་གྲུབ་ཚར།འབྲས་ཤིང་ཤིང་ཕྲུག་སྐྱེ་སྟོབས་ཡག་ཅིང་ནང་འདྲེན་བྱས་པའི་སོ་པེན་སོན་གསར་ལོ་ལེགས་ཐུབ་སོང་ཞེས་གནས་ཚུལ་ལྷུག་པོར་བཤད་རྗེས་དབྱི་ཧྥན་ཐུགས་ཧ་ཅང་དགྱེས་ཏེ་རྫོང་དང་ཤང་།གྲོང་སྡེའི་ལས་བྱེད་པ་དང་ཉེ་མཛའ་རྣམས་ལ་ཁྱེད་ཚོའི་ཐོན་སྐྱེད་ལས་ཀ་འཛིན་སྟངས་ཡག་ལ་འཚོ་བ་ཡག་མོ་ཡོང་བ་དེས་ང་རང་བློ་བདེ་མོ་བྱུང་ཞེས་གསུངས་པར་མ་ཟད་ཁུལ་ཨུའི་དགོངས་དོན་དེ་ཉན་བདེ་ཞིང་གོ་སླ་བའི་ཁ་སྐད་ཐོག་ནས་ཁ་བརྡ་ལབ་པར་རྫོང་དང་ཤང་།གྲོང་སྡེའི་ལས་བྱེད་པས་ཞིབ་ཕྲ་དང་ནན་པོས་ཉན་པ་དང་ཉེ་མཛའ་ཚོས་སྤྲོ་བ་འཕེལ་བའི་ངང་ནས་འབྱུང་འགྱུར་གྱི་བདེ་སྐྱིད་ཀྱི་འཚོ་བར་ཡིད་སྨོན་བྱས།ཐེན་པཱ་གྲོང་སྡེ་གྲོང་མིས་སྡེ་བགྲོད་གཞུང་ལམ་ལམ་ངོས་རྒྱ་ཆུང་བས་བགྲོད་དཀའ་བའི་གནས་ཚུལ་དང་ཅཱ་ཅུན་ཤང་གི་གློག་འདོན་ས་ཚིགས་རྫོང་གློག་དྲྭ་དང་སྦྲེལ་མེད་པར་བརྟེན་གློག་དྲྭ་ཁེར་རྐྱང་འཁོར་སྐྱོད་བྱེད་བཞིན་ཡོད་པས་དགུན་དུས་སུ་གློག་སྤྱོད་དཀའ་བའི་གནད་དོན་སོགས་ཞུ་བར་དམིགས་ནས་དབྱེ་ཧྥན་གྱིས་ལྷན་དུ་ཕེབས་པའི་ལྕགས་ཟམ་རྫོང་གི་སྲིད་གྲོས་ཀྲུའུ་ཞི་དབྱང་ཞའོ་ཀང་དང་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པཝེན་དབྱི་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་དགོས་པའི་ཐུགས་རེ་གནང་།ཁོང་གིས་ཐན་པཱ་གྲོང་སྡེའི་ཏང་ཀྲི་པུའུ་དང་གྲོང་མི་ཨུ་ལྷན་ཁང་གི་འགན་ཁུར་མི་སྣར་གྲོང་སྡེའི་ཨུ་ལྷན་གཉིས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་མ་སྐུལ་དང་བླངས་ཀྱིས་བྱས་རྗེས་འབུལ་ཞིང་།སྲིད་ཇུས་དམ་འཛིན་ཡང་དག་པར་བྱས་ནས་ལྕགས་ཟམ་རྫོང་གིས་ཆུ་གློག་དམངས་ཕན་གྱི་ཆེད་དམིགས་བྱ་འགུལ་སྤེལ་བའི་གོ་སྐབས་དམ་འཛིན་བྱས་ནས་རི་མཐོ་དང་རི་སྐེད་ཀྱི་འཐུང་ཆུ་ལེགས་བཅོས་དང་ཞིང་ལས་དྲྭ་བ་བཟོ་བཅོས་ཀྱི་ཁྲོད་དུ་ཧུར་ཐག་གིས་མང་ཚོགས་སྐུལ་སློང་བྱས་ནས་གེ་དང་མི་ལག་བརྒྱབ་ནས་ཐུན་མོང་དུ་མཛེས་སྡུག་བདེ་སྐྱིད་ཀྱི་གྲོང་གསར་འཛུགས་སྐྲུན་ཡག་མོ་བྱས་ནས་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་གཏང་དགོས་ཞེས་གསུངས་པ་རེད།།