རང་ཁུལ་གྱིས་མེ་མདའ་དང་འབྲེལ་བའི་ཉེས་བསགས་བྱ་སྤྱོད་ལ་རྡུང་རྡེག་ནན་པོར་བཏང་།
དབྱངས་ཅན་གྱིས་བསྒྱུར། 2015-01-20
རང་ཁུལ་གྱི་སྤྱི་བདེ་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟར་ཁུལ་སྐྱོང་བའི་གཅིག་བསྡུས་ལེགས་སྒྲིག་དང་ད་དགུན་སང་དཔྱིད་བོད་ཁུལ་དུ་རྡུང་རྡེག་ནན་པོ་གཏོང་རྒྱུ་དང་དག་བཅོས་ཀྱི་ཆེད་གཉེར་བྱ་སྤྱོད་སྤེལ་སྤེལ་བ་ནས་བཟུང་།བརྒྱད་ཟིལ་དང་།ལྕགས་ཟམ།རོང་བྲགདཔལ་ཡུལ།ཉག་རོང་།གསེར་ཐར།ལི་ཐང་།ཉག་རོང་།དཀར་མཛེས།འབའ་ཐང་།སྡེ་དགེ།སེར་ཤུལ།བྲག་འགོཕྱག་ཕྲེང་རོང་རྫོང་གི་སྤྱི་བདེ་ཅུས་ཀྱིས་མེ་མདའི་མངོན་མེད་རྐྱེན་ངན་ལ་གཅིག་བསྡུས་ལེགས་སྒྲིག་དང་མེ་མདའ་དང་འབར་རྫས་ཡར་བསྡུ་བའི་ཆེད་གཉེར་བྱ་སྤྱོད་སྤེལ་རྒྱུ་གཙོ་ཆེར་བྱས་ནས།མཐའ་གཅིག་ཏུ་ལེགས་སྒྲིག་དང་རྩིས་ལེན།རྩད་ཞིབ་ཐག་གཅོད་བྱ་རྒྱུ་བཅས་དམིགས་ཡུལ་བྱས་པ་དང་།ས་ཁོངས་རང་བཞིན་གྱི་རྡུང་རྡེག་ལེགས་བཅོས་དང་དྲིལ་བསྒྲགས་སྐུལ་སློང་ཟུང་འབྲེལ་བྱས་པའི་བྱེད་སྟངས་སྤྱད་ནས།ཏན་ཏིག་གིས་ལེགས་བཅོས་བྱེད་སྒོ་སྤེལ་བ་རེད།
མིག་སྔའི་བར་དུ་སླེབས་དུས།ཁུལ་ཡོངས་སུ་མེ་མདའ་དང་འབྲེལ་བའི་གྱོད་དོན་ཁྱོན་བསྡོམས་ཁག10ཡི་ཉེས་ཅན་ལག་ཟིན་ཐུབ་པ་དང་།མེ་མདའ་དང་འབྲེལ་བའི་དོགས་ཡོད་ཉེས་བསགས་མི་སྣ12 རིགས་སྣ་ཚོགས་ཀྱི་མེ་མདའ་680དང་།མདེའུ26250 ལག་འབོམ1 འགཏོར་རྫས་སྤྱི་རྒྱ170.5 མེ་འདྲེན་སྦུ་གུ168 སྦི་སྡི43.2 རྩིས་སྤྲོད་དོ་དམ་གྱི་གྲི་ཆས423བཅས་རྩིས་ལེན་བྱས་པ་རེད།