བརྒྱད་ཟིལ་རྫོང་གི་ལིང་གྲིབ་ནད་པས་རིན་པ་མི་དགོས་པར་སྨན་བཅོས་དང་ལེན་བྱས།

        2014-06-26

ཉེ་ཆར་ཁུལ་མི་དམངས་སྨན་ཁང་གི་སྨན་བཅོས་ཚོ་ཆུང་བརྒྱད་ཟིལ་རྫོང་གི་ཡན་ཏན་ཤང་།ཁེ་རྡོ་ཤང་།ས་ཡ་ཤང་བཅས་སུ་ཕྱིན་ནས་ཤང་གི་ལྟེ་གནས་འཕྲོད་བསྟེན་ཁང་དང་རྫོང་མི་དམངས་སྨན་ཁང་དུ་ལིང་གྲིབ་ནད་བརྟག་བྱས་པ་རེད།
ཐེངས་འདིར་རིན་པ་མི་དགོས་པར་ནད་བརྟག་བྱས་པའི་མི400ཡི་ནང་ནས་ལིང་གྲིབ་ནད་གཞི་ཡོད་མཁན196ཡོད་པ་དང་།རིགས་སྣ་ཚོགས་ཀྱི་མིག་ནད་ཡོད་མཁན205ཡོད་ཅིང་། དེའི་ནང་ནས་བཤགས་བཅོས་བྱེད་ཆོག་པའི་ལིང་གྲིབ་ནད་གཞི་ཡོད་མཁན52དང་།མཆི་ཁུག་ཚད་ནད་ཡོད་མཁན5དང་།མིག་ཤའི་ཚད་ནད་ཡོད་མཁན17དང་། མིག་ལྤགས་ལྷུང་ནད་ཡོད་མཁན6    སྔོ་གྲིབ་ཡོད་མཁན1   མིག་སྐྱི་ཚད་ནད་ཡོད་མཁན1བཅས་ཡོད་པ་རེད། ད་དུང་སྒོ་བསྟེན་གཤག་བཅོས་ཆུང་ཆུང་བྱས་པའི་མིའི་ཐེངས་གྲངས15ཡོད་པས་མ་ཚད།རིགས་སྣ་ཚོགས་ཀྱི་མིག་ནད་ཡོད་མཁན་ཚོར་མིག་སྨན་བྱིན་པ་དང་། མིག་ནད་སྔོན་འགོག་བྱེད་སྟངས་སོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་སློབ་གསོ་བྱས་པ་རེད། ལིང་གྲིབ་ནད་པ་ཚོ་ཁུལ་མི་དམངས་སྨན་ཁང་དུ་འོང་ནས་རིན་པ་མི་དགོས་པར་གཤགས་བཅོས་བྱ་རྒྱུ་རེད།
མིག་སྔའི་བར་དུ་སླེབས་སྐབས།མིའི་ཐེངས་གྲངས50ལ་གཤགས་བཅོས་བྱས་ནས་སྨན་ཡོན་འགྲོ་གྲོན་སྒོར་ཁྲི22བསྲི་ཚགས་བྱས་ཡོད་པ་རེད།
  • ལེ་ཚན་སྔོན་མ།:འོ་སེ་ཇ་ཡིས་ཞིང་འབྲོག་མི་དམངས་ལ་ཡོང་འབབ་སྒོར700ལྷག་བསྐྲུན།
  • ལེ་ཚན་རྗེས་མ།:གཞུང་ལམ་ཐོག་གི་ཉེན་མེད་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།