རང་ཁུལ་གྱིས་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་བྱེད་པའི་འགན་འཁྲི་གཉིས་དོན་འཁྱོལ་གཏོང་བའི་ལས་ཀའི་གྲོས་ཚོགས་འཚོགས།
སྐལ་ཐུབ་ཀྱིས་བསྒྱུར། 2014-06-24
ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་བྱེད་པའི་འགན་འཁྲི་གཉིས་ཏེ་ཏང་ཨུའི་གཙོ་གཞིའི་འགན་འཁྲི་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལྟ་སྐུལ་འགན་འཁྲི་བཅས་དོན་འཁྱོལ་ཧུར་ཐག་གཏོང་བ་དང་། རང་ཁུལ་གྱི་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀ་ཟབ་སྤེལ་གཏོང་བའི་ཆེད།ཟླ་བ6པའིཚེས19ཉིན། རང་ཁུལ་གྱིས་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་བྱེད་པའི་འགན་འཁྲི་གཉིས་དོན་འཁྱོལ་གཏོང་བའི་ལས་ཀའི་གྲོས་ཚོགས་འཚོགས་པ་རེད།
ཞིང་ཆེན་དང་ཁུལ་གྱི་འགོ་ཁྲིད་ལི་ཧྲི་ཁྲེང་དང་། ཀུའོ་ཧྲི་དབྱི། ཧོ་ཅན་ཞན། ཧུའུ་ཁྲང་ཧྲེང་། ལི་ཁང་། ཡེ་ཤེས་ཟླ་བ། དབྱི་ཧྥན་བཅས་གྲོས་ཚོགས་སུ་ཞུགས་པ་རེད། ཚོགས་ཐོག་ཞིང་ཆེན་སྒྲིག་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཧྲི་ཁྲེང་གིས་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་བྱེད་པའི་འགན་འཁྲི་གཉིས་དོན་འཁྱོལ་གཏོང་བའི་ལས་ཀའི་སྐོར་གསལ་འགྲེལ་གནང་བ་མ་ཚད་རང་ཁུལ་གྱི་རིམ་ཁག་ཏང་ཨུ་དང་སྒྲིག་ཨུ་ལ་བླང་བྱ་གསལ་པོར་བཏོན་པ་རེད།
ཧུའུ་ཁྲང་ཧྲེང་གིས་བསྟན་དོན། ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་བྱེད་པའི་འགན་འཁྲི་གཉིས་དོན་འཁྱོལ་གཏོང་བའི་ལས་ཀ་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་དང་འབྲེལ་བ་ཡོད་པ་མ་ཚད་འགོ་ཁྲིད་ལས་བྱེད་པའི་མདུན་ལམ་དང་བདེ་སྐྱིད་དང་ཡང་འབྲེལ་བ་ཡོད་པས་ང་ཚོས་རིག་པ་གསལ་པོས་དེའི་གལ་ཆེའི་དོན་སྙིང་ཤེས་དགོས། དམ་པ་དོན་གཉེར་དང་འགན་ནུས་ལེགས་སྒྲུབ་བྱས་ཏེ་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་བྱེད་པའི་འགན་འཁྲི་གཉིས་དོན་ཐོག་འཁྱོལ་བ་བྱེད་དགོས། འགན་འཁྲི་གཉིས་དཀར་མཛེས་ཁུལ་དུ་དོན་འཁྱོལ་གཏོང་བར་ངེས་པར་དུ་འགན་འཁྲི་ཞིབ་ཕྲ་དང་དོན་ལ་གནས་པ། ནན་པོར་ཡོང་བ་བཅས་བྱེད་དགོས། ཁུལ་དཔོན་ཡེ་ཤེས་ཟླ་བས་གྲོས་ཚོགས་ཀྱི་སྙིང་དོན་ལག་བསྟར་དོན་འཁྱོལ་གཏོང་བར་བླང་བྱ་བཏོན་པ་རེད།