དཀར་མཛེས་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་འཚོགས།

ཐུབ་མིག        2010-11-29

དཀར་མཛེས་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་འཚོགས།

ཚང་འཛོམས་གྲོས་ཚོགས་དེ་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་འགན་བཞེས།  ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཏའོ་ཕིང་གིས་གསུང་བཤད་གལ་ཆེན་གནང་།
ཚང་འཛོམས་གྲོས་ཚོགས་ཀྱིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མངགས་བཅོལ་ལྟར་ལིའུ་ཏའོ་ཕིང་གིས་ཞུས་པའི་ལས་དོན་སྙན་སེང་ལས་གསན་འཇོག་གནང་ཡོད།  《ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་གཏན་འབེབས་བྱེད་པའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་བྱས་པ་རེད།
ཟླ་བ11པའི་ཚེས27ཉིན།   ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་དེ་དར་མདོ་རུ་འཚོགས་འགོ་ཚུགས་པ་རེད།
ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ནང་ཁུལ་ཨུའི་ཨུ་ཡོན53དང་།  ཁུལ་ཨུའི་རྗེས་སྣོན་ཨུ་ཡོན་8ཞུགས་ཡོད།  ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་མི་སྣ་གྲོས་ཚོགས་ནང་ཟུར་ཞུགས་བྱས་ཡོད་པ་རེད།
ཚང་འཛོམས་གྲོས་ཚོགས་དེ་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་འགན་བཞེས།  ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཏའོ་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད།
ཚང་འཛོམས་གྲོས་ཚོགས་ཀྱིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མངགས་བཅོལ་ལྟར་ལིའུ་ཏའོ་ཕིང་གིས་ཞུས་པའི་ལས་དོན་སྙན་སེང་ལས་ཉན་འཇོག་བྱས་ནས་གྲོས་བསྡུར་བྱས་པ་དང་།《ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་འཆར་འགོད་ཀྱི་བསམ་འཆར》ལ་གྲོས་ཞིབ་བྱས་པ་རེད།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་སྲིད་གཞུང་གི་ཁུལ་དཔོན་ལི་ཁྲང་ཕིང་གིས《གྲོས་གཞི་(གྲོས་སྡུར་ཡིག་ཆ)》ཚོགས་ཆེན་ལ་གསལ་བཤད་གནང་བ་རེད།
  • ལེ་ཚན་སྔོན་མ།:ང་ཡི་ངོ་གདོང་མཛེས་པས། ཁྱེད་ཀྱི་མིག་དབང་འཕྲོག
  • ལེ་ཚན་རྗེས་མ།:དཀར་མཛེས་ཉིན་རེའི་ཚགས་པར་ཁང་གིས་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་ལ་སླ
  • དོ་སྣང་ཆེ་བའི་རྩོམ།