རོང་བྲག་རྫོང་གིས་ཁྱིམ་སྲུང་བྱིས་པར་གཅེས་སེམས་འབུལ་བའི་བྱེད་སྒོ་སྤེལ།
བདེ་སྐྱིད་ཀྱིས་བསྒྱུར། 2015-01-15
ཉེ་ཆར།གུང་གཞོན་ཚོགས་པའི་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་ཐེབས་རྩའི་ལྷན་ཚོགས། གུང་གཞོན་ཚོགས་པའི་ཁུལ་ཨུས་རྒྱབ་སྐྱོར་བྱས་འོག གུང་གཞོན་ཚོགས་པའི་རོང་བྲག་རྫོང་ཨུས་ཁྱིམ་སྲུང་བྱིས་པར་གཅེས་སེམས་འབུལ་བའི་བྱེད་སྒོ་སྤེལ་བ་རེད།གུང་གཞོན་ཚོགས་པའི་རྫོང་ཨུའི་ཧྲུའུ་ཅི་ཁྲེན་ཅུན་ཧུང་དང་ཧྲུན་ཀྲི་སྡེ་ཁུལ་གྱི་རྒྱུན་སྡོད་སློབ་གྲྭའི་སློབ་གཙོ་ཀྲེན་མིང་ཀང་བྱེད་སྒོ་ནང་ཞུགས་ཡོད།ཤེས་རྟོགས་བྱུང་བར་གཞིགས་ན།ཐེངས་འདིའི་བྱེད་སྒོ་ནི་ས་མཐའ་ལུང་ཀྱོག་དང་དབུལ་ཕོངས།དགོས་མཁོ་ཆེ་མཁན་བཅས་ཀྱི་བྱིས་པར་ཐུགས་ཁུར་གཙོ་བོ་བྱས་ཏེ།ཞིབ་བསྡུར་ནན་ཏན་བྱས་ནས་འདེམས་པའི་སློབ་ཆུང4ཡི་ཁྱིམ་སྲུང་བྱིས་པ་ཁྱོན་བསྡོམས300ལྷག་ཙམ་ཡོད་པ་དང་། མིག་སྔའི་བར་དུ་སླེབས་དུས། ཧྲུན་ཀྲི་སྡེ་ཁུལ་གྱི་རྒྱུན་སྡོད་སློབ་གྲྭ་དང་དགུ་རྫོང་ཤང་ཁྲ་འབྲུག་དགོན་ཆ་ཚང་སློབ་གྲྭ་ཆུང་བར་དགུན་ཆས་བགོས་པ་རེད།།