ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཁུལ་ཨུའི་སྐབས་བཅུ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་ལ་སློབ་སྦྱོང་བྱས།

བདེ་སྐྱིད་ཀྱིས་བསྒྱུར།        2015-01-13

2014ལོའི་ཟླ་བ12པའི་ཚེས30ཉིན།ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཚོགས་ཆེན་འཚོགས་ནས་དཀར་མཛེས་ཁུལ་ཨུའི་སྐབས་བཅུ་པའི་ཨུ་ཡོན་ཚང་འཛོམས་རྒྱས་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སློབ་སྦྱོང་བྱས་པ་རེད།ཚོགས་ཐོག་བྱེད་ཐབས་ལྔ་བླངས་པ་སྟེ།གཅིག་ནི་ཁུལ་ཡོངས་ཀྱི་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་བྱེད་པས་སློབ་སྦྱོང་དང་དྲིལ་བསྒྲགས།གྲོས་ཚོགས་ཀྱི་སྙིང་དོན་དོན་འཁྱོལ་མཐར་ཕྱིན་གཏོང་བ་བཅས་ཀྱི་ལས་དོན་ནི་མིག་སྔ་དང་ཕྱིན་ཆད་དུས་སྐབས་ཀྱི་ལས་འགན་གཙོ་བོ་བཞག་ནས་དམ་འཛིན་བྱ་དགོས།གཉིས་ནི་རྒྱ་ཆེ་བའི་ལས་བཟོ་པ་དང་མང་ཚོགས་ཀྱིས་ཁྲིམས་ཤེས་དང་ཁྲིམས་སྲུང་ཁྲིམས་སྤྱོད་བྱ་རྒྱུར་ཁྲིད་སྟོན་བྱེད་པ། གསུམ་ནི་བཅོས་བསྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་ཀ་འཕེལ་རྒྱས་་གཏོང་བར་སྐུལ་འདེད་གཏོང་བ།བཞི་ནི་དཀའ་ངལ་ཆེ་བའི་ལས་བཟོ་པ་ཚང་མར་རོགས་སྐྱོར་བྱ་དགོས་པ།ལྔ་ནི་ཀུན་སྤྱོད་འཛུགས་སྐྱོང་ཤུགས་སྣོན་ཆེན་པོ་རྒྱག་དགོས།། 
  • ལེ་ཚན་སྔོན་མ།: རང་ཁུལ་གྱིས་ལོ་གསུམ་ནང་གཅིག་བསྡུས་ཀྱིས་འགྲིམ་འགྲུལ་འཛུགས་སྐྲུན་བྱས་ཚུལ་རགས་བཀོད།
  • ལེ་ཚན་རྗེས་མ།:ཕྱག་ཕྲེང་རྫོང་གི་སྤུས་དག་གྲགས་ཅན་གྱི་ཞིང་ཞོར་ཐོན་རྫས་ལུའུ་ཀྲོའུ་ལ་འཚོང་གྲབས་ཡོད།
  • དོ་སྣང་ཆེ་བའི་རྩོམ།