དར་མདོར་ཡོད་པའི་དབྱིས་རིགས་སྤུན་ཟླ་རྣམས་མཉམ་དུ་འཛོམས་ནས་ལོ་སར་རོལ།

བཀྲ་ཤིས་དང་ཨོ་རྒྱན།        2010-11-26

དར་མདོར་ཡོད་པའི་དབྱིས་རིགས་སྤུན་ཟླ་རྣམས་མཉམ་དུ་འཛོམས་ནས་ལོ་སར་རོལ།

ཟླ༡༡པའི་ཚེས༢༥ཉིན་གྱི་ཕྱི་དྲོར་དར་མདོར་ཡོད་པའི་དབྱིས་རིགས་སྤུན་ཟླ་རྣམས་དར་མདོའི་མགྲོན་ཁང་དུ་མཉམ་དུ་འཛོམས་ནས་ལོ་རེའི་དབྱིས་རིགས་ཀྱི་ལོ་སར་ལ་རོལ། ཐེངས་འདིའི་མཉམ་སྤྲོ་དགོང་ཚོགས་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་དམངས་ཆེན། ཁུལ་སྲིད་གྲོས་ཀྱི་ཐུགས་ཁུར་འོག་ཁུལ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་འགན་སྒྲུབ་བྱས་པ་རེད། ཁུལ་དཔོན་ལི་ཁྲང་ཕིང་དང་ཁུལ་ཨུ་ཧྲུའུ་ཅི་གཞོན་པ་ལི་ཁང་།ཁུལ་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ་ཧུའུ་ཏེ་མིང་། ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཧོ་ཐའོ། དཀར་མཛེས་ཡན་ལག་དམག་ཁང་གི་དམག་སྤྱི་གཞོན་པ་གདུགས་དཀར་ཚེ་རྣམ་བཅས་དགོང་ཚོགས་ལ་ཕེབས་ཏེ་དགའ་སྟོན་རྟེན་འབྲེལ་ཞུས།


  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་གྱི་འབྲོག་མི་གཞིས་ཆགས་སྡོད་གནས་ཀྱི་ན་ཆུང་བྱེད་སྒོ་ལྟེ་གནས་ཨང་དང་པོ་དེ་དར་མདོ་རྫོང་ལྕ
  • ལེ་ཚན་རྗེས་མ།:ང་ཡི་ངོ་གདོང་མཛེས་པས། ཁྱེད་ཀྱི་མིག་དབང་འཕྲོག
  • དོ་སྣང་ཆེ་བའི་རྩོམ།