ཁུལ་ཚོང་དོན་ཅུས་ཀྱི་མང་ཚོགས་ལས་ཀ་རྒྱུན་ཚུལ་ཅན་དུ་གྱུར།

དབྱངས་ཅན་གྱིས་བསྒྱུར།        2015-01-12

ལོ་གཉིས་རིང་གོ་རིམ་ལྡན་པའི་སྒོས་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པའི་བྱེད་སྒོ་སྤེལ་བར་བརྒྱུད།ཁུལ་ཚོང་དོན་མཉམ་ལས་ཅུས་ཀྱི་མང་ཚོགས་ལས་ཀ་རྒྱུན་ཚུལ་ཅན་དུ་གྱུར་པ་རེད།
    རྟག་ཏུ་འབྲེལ་འདྲིས་བྱ་རྒྱུ་རྒྱུན་ཚུལ་ཅན་དུ་གྱུར་པ།ཁ་པར་ཐོག་ནས་སྐོར་སྐྱོད་འཚམས་འདྲི་བྱས་པ་དང་འཕྲིན་ཐུང་ཐོག་ནས་འབྲེལ་འདྲིས་བྱེད་པ་སོགས་ཀྱི་ལམ་ལུགས་འཛུགས་གཉེར་བྱས་པ་བརྒྱུད།ལས་བྱེད་པ་དང་ལས་བཟོས་ཆ་སྒྲིག་ཉེ་འཚོལ་དང་། ཆ་སྒྲིག་ཀྲི་པུའུ། ཆ་སྒྲིག་དགོན་པ་བཅས་དང་བསམ་བློ་བརྗེ་ལེན་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་།ཁྱད་པར་དུ་དར་མདོར་ས་འགུལ་གནོད་སྐྱོན་ཐེབས་རྗེས་ཅུས་དེ་དང་ཆ་སྒྲིག་ཉེ་འཚོལ་བྱས་པའི་ཉེ་འབྲེལ་མགྱོགས་མྱུར་དུ་སྡེ་དགེ་རྫོང་ཚོང་དོན་ཅུས་དང་ཕུ་མ་ཤང་ཏང་ཨུ་དང་སྲིད་གཞུང་ལ་སོང་ནས་སེམས་ཁྲལ་དང་བརྩེ་སེམས་ཀྱིས་འཚམས་འདྲི་བྱས་པ་རེད།
    ཉེ་འབྲེལ་ལ་ལྟ་སྐོར་དང་འཚམས་འདྲ་བྱ་རྒྱུ་རྒྱུན་ལྡན་ཅན་དུ་གྱུར་པ།སྡོད་ཆས་ཁུར་ནས་ཡུལ་དུ་བཅའ་སྡོད་བྱེད་པའི་ནང་རྐྱེན་བཙུགས་ནས་ལས་བྱེད་པ་དང་ལས་བཟོས་དུས་བཅད་ལྟར་ཆ་སྒྲིག་གྲོང་ཚོར་ཕྱིན་ནས་བྱེད་སྒོ་སྤེལ་བ་དང་། རྒྱུན་ལྡན་རང་བཞིན་གྱི་ཉེ་འབྲེལ་ལ་ལྟ་སྐོར་དང་འཚམས་འདྲི་བྱེད་པ་། ཆ་སྒྲིག་ཉེ་འཚོལ་དང་།ཆ་སྒྲིག་དགོན་པའི་གྲྭ་བཙུན།མཉམ་འཛུགས་མཉམ་སྐྲུན་གྱི་ཏང་ཡོན་གྱིས་དངོས་སུ་བསམ་བློ་བརྗེ་རེས་དང་།སྙིང་ཉེའི་འཚམས་འདྲི།ཉེ་འབྲེལ་ཁྱིམ་ནང་གི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་རྟོགས་ཐུབ་པ་དང་དངོས་ཡོད་དཀའ་ངལ་གྱི་གནད་དོན་ཐག་གཅོད་བྱེད་རོགས་བཅས་བྱས་པ་རེད།
    སེམས་ཁུར་དང་རོགས་རམ་བྱ་རྒྱུ་རྒྱུན་ལྡན་ཅན་དུ་གྱུར་པ། ཆ་སྒྲིག་ཉེ་འཚོལ་གྱི་བྱེད་སྒོའི་ཁྲོད། ལོ་གསར་དང་དུས་ཆེན།གནད་ཆེ་བའི་དུས་སྐབས་སུ་གཅིག་བསྡུས་ཀྱིས་ལྟ་སྐོར་དང་འཚམས་འདྲི་བྱེད་པ་དང་། ཉེ་འབྲེལ་གྱིས་བཏོན་པའི་ལས་ཞུགས་དང་སློབ་གྲྭར་ཞུགས་རྒྱུ། འཐུང་ཆུ་སྨན་བཅོས། ཕྱུག་འགྱུར་སོགས་ཀྱི་གནད་དོན་ལ་རོགས་གང་ཐུབ་བྱས།བློ་སེམས་ཕྱོགས་གཏད་ཀྱི་བྱེད་སྒོའི་ཁྲོད་བཟང་འགོ་དགོན་པའི་དངོས་ཡོད་ཀྱི་གནད་དོན་ལ་དམིགས་ནས་རང་འགུལ་གྱིས་མཐུན་སྦྱོར་བྱས་ཏེ་འཕྲོད་བསྟེན་སྡེ་ཁག་དང་མཉམ་དུ་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ།ཁུལ་ཆུ་དོན་ཅུས་སྦྲེལ་མཐུད་བྱས་ཏེ་འཛུགས་སྐྲུན་མ་དངུལ་སྒོར་ཁྲི26དོན་འཁྱོལ་བྱས་ནས་དགོན་པའི་འཐུང་ཆུའི་ཨར་ལས་ལེགས་འགྲུལ་བྱུང་ལ་མཉམ་འཛུགས་མཉམ་སྐྲུན་གྱི་བྱེད་སྒོའི་ཁྲོད་རང་འགུལ་གྱི་ཀྲི་པུའུ་ཡི་སྐུལ་འདེད་ལས་ཀར་རོགས་རམ་བྱས་པ་དང་དབུལ་ཕོངས་ཏང་ཡོན་གྱི་ཐོན་སྐྱེད་ཕྱུག་གྱུར་གྱི་ལས་ཀར་རོགས་རམ་བྱས་པ་རེད།
  • ལེ་ཚན་སྔོན་མ།: དར་མདོའི་ཁོར་ཡུག་གཙང་སྦྲ་བྱེད་མཁན་བཟོ་པ་ཚོས་སྤྲོ་སྐྱིད་ལྡན་པའི་ལོ་སར་ཞིག་བཏང་།
  • ལེ་ཚན་རྗེས་མ།: ཁུལ་སྨན་ཁང་གིས་འགུལ་འགོག་གནོད་སེལ་གྱི་སྔོན་ཐོན་མི་སྣར་གཟེངས་བསྟོད་བྱ་དགའ་སྤྲད།
  • དོ་སྣང་ཆེ་བའི་རྩོམ།