ཧྲུའུ་ཅི་གཞི་རིམ་དུ་ཕེབས་ཏེ་མི་སེར་གྱི་བདེ་སྡུག་ལ་རྒྱུས་ལོན་བྱས།

ཡེ་ཤེས་མགོན་པོས་བསྒྱུར།        2014-06-05

ཧྲུའུ་ཅི་གཞི་རིམ་དུ་ཕེབས་ཏེ་མི་སེར་གྱི་བདེ་སྡུག་ལ་རྒྱུས་ལོན་བྱས།
 

ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་དུས་རྒྱུན་དུ་མི་སེར་གྱི་བདེ་སྡུག་ཐུགས་སུ་བཅངས་པ་རེད།ཟླ་བ5པའི་ཚེས30ཉིན་གྱི་མཚན་མོར་ཧུའུ་ཁྲང་ཧྲེང་གིས་སེར་ཤུལ་རྫོང་དུ་རྟོག་ཞིབ་གནང་མཇུག་བསྒྲིལ་རྗེས་ཆེད་དུ་སྡེ་དགེ་རྫོང་དབོན་པོ་སྟོད་དང་མཁར་གསུམ་མདོ་ཤང་དུ་ཕེབས་ནས་མི་སེར་གྱི་སྙིང་གཏམ་ལ་གསན་པ་དང་།མི་སེར་གྱི་གནས་ཚུལ་རྒྱུས་ལོན་དང་མི་སེར་གྱི་དཀའ་ངལ་སེལ་རོགས་མཛད་པ་རེད།
    མཚན་མོའི་ཆུ་ཚོད8ཡས་མས་སུ།དབོན་སྟོད་དགོན་བརྒྱུད་པའི་སྐབས་སུ་ཧུའུ་ཁྲང་ཧྲེང་གིས་དགོན་པ་དེའི་གྲྭ་བཙུན་རྣམས་ལ་འཚམས་འདྲི་གནང་སྐབས་དགོན་པའི་མཁན་པོ་འཇམ་དབྱངས་ཤེས་རབ་ཀྱིས་དགོན་པར་ཡོད་པའི་དཀའ་ངལ་དང་གནད་དོན་ཡར་ཞུ་ཕུལ་བ་རེད།དགོན་པའི་གྱང་ཁ་ཤས་ཚབས་ཆེ་གས་ནས་རྡིབ་ཉེན་ཡོད་པའི་གནས་ཚུལ་ཤེས་རྗེས།ཧུའུ་ཁྲང་ཧྲེང་གིས་སྡེ་དགེ་རྫོང་གི་གཙོ་བོའི་འགན་འཁུར་བློ་མཐུན་ལ་ངེས་པར་དུ་ཆེད་རམས་པ་བཀོད་སྒྲིག་བྱས་ནས་ཡུལ་དངོས་སུ་རྒྱུ་རྐྱེན་ལྟ་ཞིབ་བྱས་ཏེ་གྲྭ་བཙུན་གྱི་བདེ་འཇགས་འགན་སྲུང་བྱེད་དགོས་ཞེས་བཀའ་སློབ་གནང་བ་རེད།ཧུའུ་ཁྲང་ཧྲེང་གིས་འཇམ་དབྱངས་ཤེས་རབ་ལ་གསུངས་རྒྱུར།དགོན་པས་ངེས་པར་དུ་ཁྲིམས་ལུགས་དང་ཁྲིམས་སྲོལ་གྱི་ཆོག་པའི་ཁྱབ་ཁོངས་ནང་ཆོས་ལུགས་བྱེད་སྒོ་སྤེལ་དགོས།ལོ་ན་མ་སོན་པའི་མི་སྣ་དགོན་པའི་ནང་བསྡུ་མི་ཉན།དེའི་རྗེས་ཧུའུ་ཁྲང་ཧྲེང་གིས་འཇམ་དབྱངས་ཤེས་རབ་ལ་འཚམས་འདྲི་མ་དངུལ་བྱིན་པས་མ་ཚད།ཁྱེད་ཀྱིས་ངའི་ཚབ་མཛད་ནས་དཀའ་ངལ་ཡོད་པའི་གྲྭ་བཙུན་རྣམས་ལ་འཚམས་འདྲི་ཞུ་རོགས་ཞེས་གསུངས་པ་རེད།
    མཚན་མོའི་ཆུ་ཚོད9པའི་ཐོགམཁར་གསུམ་མདོ་ཤང་དུ་སླེབས་ནས་ཤང་དེའི་ལས་བྱེད་པར་འཚམས་འདྲི་གནང་བ་རེད།ཧུའུ་ཁྲང་ཧྲེང་གིས་གསུངས་རྒྱུར།མཁར་གསུམ་མདོ་ཤང་ནི་བལྟོས་བཅས་ཀྱི་རྒྱང་རིང་མཐའ་འཁོབ་ཏུ་གནས་པའི་ཤང་ཞིག་ཡིན་པས།རྐང་བཙུགས་ནས་ཚང་མར་ཅིག་ལྟ་ས་འོངས་པ་ཡིན།གསལ་ཆ་ཞན་པའི་ལག་ཁྱེར་གློག་སྒྲོན་ལ་བརྟེན་ནས་ཧུའུ་ཁྲང་ཧྲེང་གིས་ཕྱོགས་གཅིག་ནས་ཤང་དེའི་མང་ཚོགས་ལས་ཀའི་ཆེད་སྒྲིག་ལེ་ཚན་ལ་ལྟ་ཞིབ་མཛད་པ་དང་།ཕྱོགས་གཅིག་ནས་ཟུར་འགྲམ་གྱི་ཤང་དེའི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཧའེ་ཆིན་ལ་དྲིས་རྒྱུར།མིག་སྔར་ལས་བྱེད་པའི་སྡོད་ཁང་ལ་དཀའ་ངལ་ཅི་འདུགཀྲང་ཧའེ་ཆིན་གྱིས་མིག་སྔར་ཁང་མིག་གཅིག་ནང་ལས་བྱེད་པ་མི་གཉིས་རེ་བསྡད་ཡོད་ཅེས་ལན་བཏབ།ཧུའུ་ཁྲང་ཧྲེང་གིས་བསྟན་རྒྱུར།ཕྱིན་ཆད་ལས་བྱེད་པའི་འཁོར་རྒྱུག་སྡོད་ཁང་སྐྲུན་དུས།དང་ཐོག་མཐའ་འཁོབ་ས་ཁུལ་ལ་བསམ་བློ་གཏང་རྒྱུ་ཡིན།མཁར་གསུམ་མདོ་ཤང་ནི་རྒྱང་རིང་མཐའ་འཁོབ་ཏུ་གནས་ཡོད་པས་ཤང་ཡོངས་ཀྱི་ལས་བྱེད་པ་ཚོས་ངལ་བའི་ལས་ལ་འབྲས་བུ་ཐོབ་པ་དང་ལྷག་བསམ་ཟོལ་མེད་ཀྱིས་ལས་ཀ་ཁག་ཡག་པོ་བསྒྲུབས་ཏེ་བློ་རིག་ཤེས་རབ་ལ་བརྟེན་ནས་འདིའི་ཕྱོགས་ཀྱི་མི་སེར་ཚོ་ཡོང་འཕར་ཕྱུག་འགྱུར་གྱི་ལམ་བུ་ཐོག་འཁྲིད་དགོས།
    
  • ལེ་ཚན་སྔོན་མ།:ཁྲོན་བོད་ལྕགས་ལམ་ཁྲེང་ཏུའུ་ནས་གཡག་རྔ་བར་ཟླ་བ8པར་ལས་འགོ་ཚུགས་རྒྱུ།
  • ལེ་ཚན་རྗེས་མ།:སྐབས་གསུམ་པའི་ཀྲུང་གོའི་མི་རྒན་གྱི་རྒྱལ་སྤྱིའི་རིག་གནས་ལྗོངས་རྒྱུའི་དུས་ཆེན་དར་མདོར་ཚོགས་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།