གསེར་ཐར་རྫོང་གིས་དགོན་པ་དང་གྲྭ་བཙུན་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་བྱས།
དབྱངས་ཅན་གྱིས་བསྒྱུར། 2014-05-26
ཉེ་ཆར་གསེར་ཐར་རྫོང་མཁན་ལེབ་དགོན་པའི་གྲྭ་པ་ཐུབ་བསྟན་གྱིས་སེམས་མཐུན་ཕྱོགས་མཐུན་གྱི་བྱེད་སྒོ་སྤེལ་མཁན་ལས་བྱེད་པ་དང་འཕྲོད་སྐབས། སེམས་འགུལ་ཐེབས་པའི་ངང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ང་ཚོ་ལ་གློག་དང་ཆུ་འཁྲིད་པ་དང་།གཞུང་ལམ་བསྐྲུན་པར་མ་ཟད། ད་དུང་དབུལ་ཕོངས་གྲྭ་བཙུན་ཡོད་ཚད་ལ་མ་མཐའི་འཚོ་རྟེན་འགན་སྲུང་ཀྱི་ཁོངས་སུ་བཞག་ནས་ང་ཚོའི་འཚོ་བར་སེམས་ཁྲལ་བྱེད་མི་དགོས་་བྱས་ནས་བློ་སེམས་བདེ་མོས་ཆོས་བསྒྲུབས་ནས་འདུག་ཆོག་པ་རེད་ཅེས་བཤད།
རྫོང་དེས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་པ་དོ་དམ་བྱེད་པར་ཕན་ཡུན་རིང་བའི་ནང་རྐྱེན་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་ནས་བཟུང་། དགོན་པའི་དམངས་འཚོ་ལེགས་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་པ་རེད། མིག་སྔའི་བར་དུ་སླེབས་དུས་མ་དངུལ་སྒོར་ཁྲི215བཀོད་སྒྲིག་བྱས་ཏེ་དགོན་པ་13གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཁ་གསབ་བྱས་པ་དང་། དགོན་པ་26ལ་གཞུང་ལམ་ལས་པ་དང་། དགོན་པ20ལ་ཆུ་ཁྲིད་པ། དགོན་པ22ལ་གློག་ཁྲིད་པ། དགོན་པ28ལ་ཁ་པར་གྱི་བརྡ་རྟགས་ཡོད་པ་དང་། དགོན་པ30ལ་རྒྱང་བསྒྲགས་དང་བརྙན་འཕྲིན་ཡོད་པ་བཅས་བྱས་ཡོད། དབུལ་ཕོངས་གྲྭ་བཙུན་ལ་མ་མཐའི་འཚོ་རྟེན་འགན་སྲུང་གི་མ་དངུལ་སྒོར་ཁྲི56.49འཛིན་སྤྲོད་དངུལ་ལེན་བྱས། དབུལ་ཕོངས་གྲྭ་བཙུན་450ཞིང་སྡེའི་མ་མཐའི་འཚོ་རྟེན་འགན་སྲུང་ནང་བཞག་པ་དང་། གྲྭ་བཙུན845ཞིང་སྡེའི་རྒན་གསོ་ཉེན་འགོག་འགན་ལེན་ནང་ཞུགས་པ། གྲྭ་བཙུན་བརྒྱ་ཆ100ཞིང་སྡེའི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་ནང་ཞུགས་ཡོད། མ་དངུལ་རང་གྲབས་བྱས་ནས་གྲྭ་བཙུན་ལ་སྨན་བཅོས་རོགས་སྐྱོར་མ་དངུལ་སྒོར་ཁྲི50སྤྲད་ཡོད། དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་ལ་ལས་ཀའི་ཁ་གསབ་རོགས་དངུལ་སྒོར་ཁྲི35.04སྤྲད་ཡོད། གསར་དུ་བཙུགས་པའི་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཆོས་ལུགས་ལས་རིགས་མི་སྣའི་ཁ་གསབ་རོགས་དངུལ་དོན་འཁྱོལ་བྱས་པ་དང་། གྲྭ་བཙུན5809ལ་བདེ་ཐང་ཡིག་ཚགས་གསར་འཛུགས་བྱས་ཡོད།