ཞིང་ཆེན་ཡོངས་ཀྱི་བོད་ཁུལ་ལྗོངས་རྒྱུ་ལས་ཀའི་ཚོགས་འདུ་རང་ཁུལ་དུ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2014-05-07

        ཟླ་བ4པའི་ཚེས26ཉིན།ཞིང་ཆེན་ཡོངས་ཀྱི་བོད་ཁུལ་ཀྱི་ལྗོངས་རྒྱུ་ལས་ཀའི་ཚོགས་འདུ་རང་ཁུལ་གྱི་ལྕགས་ཟམ་རྫོང་དུ་འཚོགས་པ་རེད།གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི་ནན་ཏན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་པ་བྱ་རྒྱུ་དང་ཁྱོན་ཡོངས་ནས་ཞིང་ཆེན་ཡོངས་ཀྱི་ལྗོངས་རྒྱུ་ལས་ཀའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་སྙིང་དོན་དོན་འཁྱོལ་བྱ་རྒྱུ།བོད་ཁུལ་གྱི་ལྗོངས་རྒྱུ་འཕེལ་རྒྱས་གཏོང་བའི་གནས་བབ་གསར་པར་དབྱེ་ཞིབ་བྱེད་པ།འགོ་འཛུགས་ས་གསར་པའི་ཐོག་ནས་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཞིག་ལ་བོད་ཁུལ་ལྗོངས་རྒྱུ་འཕེལ་རྒྱས་གཏོང་རྒྱུའི་ལས་ཀར་ཇུས་འགོད་བྱེད་པ་བཅས་བྱས་ནས་རང་རེའི་ཞིང་ཆེན་གྱི་བོད་ཁུལ་ལྗོངས་རྒྱུ་མཆོང་བརྒལ་ལྟ་བུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པ་བཅས་རེད།
    ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་གཞོན་པ་ཧང་ཡན་རུང་གྲོས་ཚོགས་ནང་བཞུགས་ནས་གསུང་བཤད་གནང་བ་རེད།ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཝང་ཆི་ཀྲང་གིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས།དཀར་མཛེས་ཁུལ་དང་རྔ་བ་ཁུལ།ལིའང་ཧྲན་ཁུལ།ཁ་གཏད་རོགས་བྱེད་མཁན་སྐྱོར་གྲོང་ཁྱེར7།བོད་ཁུལ་གྱི་རྫོང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག32ཀྱི་འགན་ཁུར་མི་སྣ་གྲོས་ཚོགས་ནང་བཞུགས་ཡོད།རང་ཁུལ་གྱི་འགོ་ཁྲིད་ཧུའུ་ཁྲང་ཧྲེང་དང་ཡེ་ཤེས་ཟླ་བ།བྱམས་བློ།གོ་ནིང་བཅས་གྲོས་ཚོགས་ནང་བཞུགས་ཡོད།
    ཚོགས་ཐོག་ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ཤིས་ཚིག་ཕུལ།ཞིང་དཔོན་གཞོན་པ་ཧང་ཡན་རུང་གིས་རང་རེའི་ཞིང་ཆེན་གྱི་བོད་ཁུལ་ལྗོངས་རྒྱུ་འཕེལ་རྒྱས་ལས་ཀར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་ཁས་ལེན་གང་ལེགས་གནང་།ཁོང་མོས་བསྟན་དོན།ཉེ་བའི་ལོ་ཤས་རིང་རང་རེའི་ཞིང་ཆེན་གྱི་བོད་ཁུལ་གྱིས་ནུབ་རྒྱུད་གསར་སྦོལ་ཆེན་པོ་དང་གནོད་སྐྱོན་ཐེབས་རྗེས་ཀྱི་ཉམས་གསོ་དང་བསྐྱར་འཛུགས།ཀྲུང་དབྱང་དང་ཞིང་ཆེན་གྱིས་བོད་ཁུལ་མཆོངས་བརྒལ་ལྟ་བུ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་གནང་བ་སོགས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་ཁ་གཏད་རོགས་སྐྱོར་བྱེད་མཁན་གྲོང་ཁྱེར7གྱིས་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་གནང་འོག་རང་རེའི་བོད་ཁུལ་གྱི་ལྗོངས་རྒྱུ་ལས་རིགས་འཕེལ་རྒྱས་མགྱོགས་པོ་ཡོང་བ་རེད།
    གྲོས་ཚོགས་ཐོག་ཕྱིན་ཆད་ཀྱི་བོད་ཁུལ་ལྗོངས་རྒྱུ་འཕེལ་རྒྱས་གཏོང་ཕྱོགས་གསར་པ་བསྟན་ཞིང་ཕྱིན་ཆད་ཀྱི་བོད་ཁུལ་ལྗོངས་རྒྱུ་འཕེལ་རྒྱས་གཏོང་རྒྱུའི་ཐད་ལ་རེ་འདུན་དེ་བས་མཐོ་པོ་བཏོན་པ་རེད།ཧང་ཡན་རུང་གིས་བོད་ཁུལ་གྱི་ལྗོངས་རྒྱུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་བོད་ཁུལ་བརྟན་བརླིང་འཚོ་སྲུང་དང་བོད་ཁུལ་འཆམ་མཐུན་འཕེལ་རྒྱས་གཏོང་རྒྱུའི་ཇུས་ཆེན་དང་འབྲེལ་བ་ཆེན་པོ་ཡོད་ལ།རྒྱལ་ཡོངས་དང་གོམ་པ་འདྲ་མཉམ་གྱིས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུའི་བླ་ན་མེད་པའི་དམིགས་ཡུལ་འགྲུབ་རྒྱུ་དང་འབྲེལ་བའང་ཡོད།ངེས་པར་དུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལྟར་འགོ་འཛུགས་ས་གསར་པའི་ཐོག་ནས་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཞིག་གི་བོད་ཁུལ་ལྗོངས་རྒྱུ་འཕེལ་རྒྱས་ལས་ཀར་ཇུས་འགོད་བྱེད་པ་དང།རང་རེའི་ཞིང་ཆེན་གྱི་བོད་ཁུལ་དེ་འཛམ་གླིང་རིམ་པའི་ལྗོངས་རྒྱུ་དམིགས་ས་རུ་སྐྲུན་གང་ཐུབ་བཅས་བྱས་ནས་ཞིང་ཆེན་ཡོངས་སུ་མཆོང་བརྒལ་ལྟ་བུ་གཉིས་མངོན་འགྱུར་བྱས་པར་བྱས་རྗེས་གསར་པ་དེ་བས་ཆེན་པོ་ཕུལ་དགོས་ཞེས་ནན་གསུང་གནང་བ་རེད།
  • ལེ་ཚན་སྔོན་མ།:དར་མདོ་རྫོང་ས་བདེ་ཤང་གི་ནགས་ཚལ་མེ་སྐྱོན་རྩ་མེད་བཏང་བ།
  • ལེ་ཚན་རྗེས་མ།:བློ་རྩེ་གཅིག་བསྒྲིམས་ཀྱིས་དཀའ་གནད་རབ་ཏུ་བསལ།
  • དོ་སྣང་ཆེ་བའི་རྩོམ།