ལུའུ་ཧའོ་ཡིས་ཀྲུང་དབྱང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ལྟ་སྐུལ་ཁྲིད་སྟོན་ཚོ་ཆུང་བདུན་པ་ཁྲིད་དེ་རང་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་གནང་།
སྒྲོལ་མ་ཚེ་མཚོས་བསྒྱུར། 2013-08-15
ཟླ་བ8པའི་ཚེས་7ཉིན་ནས་ཚེས10ཉིན་གྱི་བར་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ།ཁོར་ཡུག་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ལུའུ་ཧའོ་ཡིས་ཚོ་དཔོན་མཛད་པའི་ཀྲུང་དབྱང་གི་ལྟ་སྐུལ་ཁྲིད་སྟོན་ཚོ་ཆུང་བདུན་པས་རང་ཁུལ་གྱི་དར་མདོ་དང་རོང་བྲགལྕགས་ཟམ།དུང་དཀར་ལུང་པ། འབོ་ཞབས་གྲོང་རྡལ་བཅས་སུ་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོ་ལ་བརྟག་དཔྱད་ཞིབ་འཇུག་ཁྲིད་སྟོན་གནང་བ་རེད།ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ལྟ་སྐུལ་ཁྲིད་སྟོན་ཚོ་ཆུང་གི་ཚོ་དཔོན་གཞོན་པ།ཅང་ཞི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཧྲང་དབྱང་བརྟག་དཔྱད་ཞིབ་ནང་ཞུགས་ཡོད་པ་རེད།
རོང་བྲག་རྫོང་གི་སོ་པོ་ཤང་དུ་ཁོང་གིས་ཡུལ་དེའི་གྲོང་དམངས་བུ་བསྟན་ནོར་བུ་དང་ཞལ་བརྡ་ལབ་པ།ཁྱིམ་ནང་དུ་མི་ག་ཚད་ཡོད།ག་ནས་ཡོང་འབབ་རག་ཐབས་བྱེད་ཀྱི་ཡོད།བུ་བསྟན་ནོར་བུས་ལུའུ་ཧའོ་ལ་བཤད་རྒྱུར།ཁྱིམ་ནང་མི་གསུམ་ཡོད།ང་རང་གིས་རྒུན་འབྲུམ་འདེབས་འཛུགས་བྱས་པར་མ་ཟད།ད་རུང་སྐྱེལ་འདྲེན་བྱས་པས།ཁྱིམ་གྱི་ཡོང་འབབ་ཡག་པོ་རག་དོ། ལུའུ་ཧའོ་ཡིས་ཐུགས་དགྱེས་པའི་ངང་ནས་གཞི་རིམ་ལས་བྱེད་པ་ལ་བཤད་རྒྱུར།ཁྱོད་ཚོས་ངེས་པར་དུ་མང་ཚོགས་ཀྱི་སེམས་ཁུར་ཆེས་ཤོས་དང་ཆེས་ཐད་ཀ།ཆེས་ད་ཡོད་བཅས་ཀྱི་གནད་དོན་ཐག་གཅོད་ཤུགས་ཆེན་བྱེད་རོགས་བྱེད་དགོས།བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཡོན་ལས་བྱེད་པའི་གཟུགས་བརྙན་ཡག་པོ་བསྟན་ནས་ཏང་དང་མང་ཚོགས་བར་གྱི་འབྲེལ་བ་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་དམ་ཟབ་ཡོང་བ་བྱེད་དགོས།
ལུའུ་ཧའོ་ཡིས་ནན་གསུང་གནང་རྒྱུར།ལས་ཀའི་སྤྱོད་ཚུལ་ལེགས་བཅོས་གཏོང་བ་དང་།མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དེ་མཐར་ཐུག་ཏུ་བཤད་ན་དཔལ་འབྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་།སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་བྱ་རྒྱུ་དེ་རེད།དེར་བརྟེན།འཆམ་མཐུན་བརྟན་བརླིང་སྲུང་འཛིན་བྱ་རྒྱུ་ནི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་མངོན་འགྱུར་ཡོང་ཡས་ཀྱི་སྔོན་འགྲོའི་ཆ་རྐྱེན་རེད།དཀར་མཛེས་ཁུལ་ལ་ད་ལྟ་གྲུབ་འབྲས་ཐོབ་དོན་ནི་ང་ཚོས་མཉམ་དུ་བརྟན་བརླིང་གི་འགོག་རགས་སྲ་བཟོ་བྱས་པ་དང་།རང་འགུལ་གྱིས་བརྟན་བརླིང་སྲུང་སྐྱོང་བྱས་ནས་བརྟན་བརླིང་སྲུང་སྐྱོང་གི་ལས་ཀ་ཡག་པོ་བསྒྲུབས་པ་དང་ཁ་བྲལ་ཐབས་མེད་པས།ནན་ཏན་གྱིས་མང་ཚོགས་ལས་ཀའི་གོ་ཆོད་པའི་ལས་སྟངས་དང་ལེགས་འགྲུབ་བྱུང་བའི་གྲུབ་འབྲས་ཕྱོགས་བསྡོམས་བྱེད་པ་དང་།སྔར་ལྷག་གིས་སྤྱི་ཚོགས་དོ་དམ་ལས་ཀའི་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་ཞིབ་ལས་བྱེད་པ།མང་ཚོགས་ལམ་ཕྱོགས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ།སྔར་ལྷག་གིས་སྤྱི་ཚོགས་དོ་དམ་བྱེད་སྟངས་དང་བྱེད་ཐབས་གསར་སྐྲུན་བྱེད་པ།མང་ཚོགས་དེར་ཞུགས་པའི་རང་རྟོགས་ཀྱི་རང་བཞིན་དང་མ་སྐུལ་དང་བླངས་ཀྱི་རང་བཞིན་སྐུལ་སློང་གང་ལེགས་བྱས་ནས་བརྟན་བརླིང་ལས་ཀར་སྐུལ་འདེད་གཏོང་རྒྱུ་དོ་དན་སྤེལ་དགོས་པ་དང་།ཁྱད་པར་དུ་མང་ཚོགས་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས་པ།སྤྱོད་ཚུལ་ལེགས་བཅོས་གཏོང་རྒྱུའི་ཐད་གྲུབ་འབྲས་ཐོབ་པ་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སྟོབས་ལྡན་ཞིག་ཏུ་འགྱུར་བ་བྱེད་དགོས།