ཀོང་ཀྲོའུ་ནས་ཉི་སྟེན་བར་གྱི་དུས་གཏན་ཐད་གཏོང་གནམ་གྲུ་ཤར་གཏོང་གང་ཐུབ་བྱ་རྒྱུ།

ལྷ་འཛོམས་ཀྱིས་བསྒྱུར།        2013-07-16

   ཟླ་བ7པའི་ཚེས5ཉིན།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཡེ་ཤེས་ཟླ་བས་ཀོང་ཀྲོའུ་དང་ཀྲུང་གོ་ལྷོ་ཕྱོགས་ཀྱི་མཁའ་འགྲུལ་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཁྲེང་ཀང་དང་ཀོང་ཀྲོའུ་ནས་རང་ཁུལ་གྱི་འདབ་པའི་ཉི་སྟེན་བར་གྱི་དུས་གཏན་ཐད་གཏོང་གནམ་གྲུ་ཤར་གཏོང་བྱ་རྒྱུའི་དོན་དག་གྲོས་མོལ་གནང་།
    གྲོས་མོལ་གནང་རིང་།ཡེ་ཤེས་ཟླ་བས་སྐད་ཆ་མདོར་བསྡུས་ཐོག་ནས་རང་ཁུལ་གྱི་ལྗོངས་རྒྱུ་ཐོན་ཁུངས་དང་འགྲིམ་འགྲུལ་འཛུགས་སྐྲུན།དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ།འདབ་པའི་ཉི་སྟེན་གནམ་གྲུ་ཐང་གི་རྩ་བའི་གནས་ཚུལ་ངོ་སྤྲོད་གནང་།ཁོང་གིས་ཀྲུང་གོའི་ལྷོ་ཕྱོགས་མཁའ་འགྲུལ་ཀུང་སིས་ཀོང་ཀྲོའུ་ནས་ཉི་སྟེན་བར་གྱི་དུས་གཏན་ཐད་གཏོང་གནམ་གྲུ་ཤར་གཏོང་བྱས་ནས་ལྗོངས་རྒྱུ་འགྲུལ་པ་དེ་བས་མང་པོ་དཀར་མཛེས་ཁུལ་དང་ཉི་སྟེན་ལ་ཁྲིད་ཡོང་བའི་རེ་བ་བཅོལ།
    ངོ་སྤྲོད་གསན་རྗེས་ཁྲེང་ཀང་གིས་ལྷོ་ཕྱོགས་མཁའ་འགྲུལ་མ་རྐང་ཚད་ཡོད་ཀུང་སིས་ཀོང་ཀྲོའུ་ནས་ཉི་སྟེན་བར་གྱི་དུས་གཏན་ཐད་གཏོང་གནམ་གྲུ་ཤར་གཏོང་བྱ་རྒྱུའི་དོན་དག་ལ་མཐོང་ཆེན་བྱ་རྒྱུ་ཡིན།ང་ཚོར་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་རང་ཉིད་ཀྱི་ནུས་ཤུགས་གང་ཡོད་འབུལ་རྒྱུའི་འོས་འགན་དང་འགན་འཁྲི་ཡོད། ལྷོ་ཕྱོགས་མཁའ་འགྲུལ་མ་རྐང་ཚད་ཡོད་ཀུང་སིས་ལས་སྒྲུབ་ཚོ་ཆུང་སྒྲིག་འཛུགས་མགྱོ གས་པོ་བྱས་ནས་དཀར་མཛེས་ས་ཁུལ་དུ་ཟབ་འཇུག་བྱས་ནས་ས་གནས་དངོས་སུ་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་ཀོང་ཀྲོའུ་ནས་ཉི་སྟེན་བར་གྱི་དུས་གཏན་ཐད་གཏོང་གནམ་གྲུ་ཤར་གཏོང་གང་ཐུབ་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།
  • ལེ་ཚན་སྔོན་མ།: བྲག་འགོ་རྫོང་གིས་དམིགས་སུ་བཀར་ནས་ལྗོངས་རྒྱུ་ལས་རིགས་འཕེལ་རྒྱས་བཏང་།
  • ལེ་ཚན་རྗེས་མ།:འབའ་ཐང་རྫོང་གིས་གྲོང་བགྲོད་གཞུང་ལམ་འཛུགས་སྐྲུན་གྱི་ལས་ཀར་བྲེལ།
  • དོ་སྣང་ཆེ་བའི་རྩོམ།