རོང་བྲག་རྫོང་གིས་གྲོང་བགྲོད་གཞུང་ལམ་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ།

ཚེ་རིང་གཡང་འཛོམས་ཀྱིས་བསྒྱུར།        2013-06-18

      ཉེ་བའི་ལོ་ཤས་རིང་།རོང་བྲག་རྫོང་གིས་གྲོང་ཚང་མར་གཞུང་ལམ་ཐར་བའི་ལས་གྲྭ་ལག་ལེན་བསྟར་བའི་གོ་སྐབས་དང་བསྟུན་ནས་གྲོང་བགྲོད་གཞུང་ལམ་འཛུགས་སྐྲུན་བྱེད་རྒྱུ་དེ་ཆེས་གལ་ཆེ་བའི་ལས་ཀར་བརྩིས་ཏེ།ནན་ཏན་གྱིས་གྲོང་བགྲོད་གཞུང་ལམ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་རེད།
      རྫོང་དེའི་ཆེད་དུ་འགོ་ཁྲིད་ཚོགས་པ་བཙུགས་ཏེ་ཆེད་དོན་ལག་བསྟར་གྱི་འཆར་གཞི་གཏན་འབེབས་བྱེད་པ་དང་།འགོ་ཁྲིད་གཙོ་བོས་དངོས་སུ་དམ་འཛིན་བྱས་ཏེ་གྲོང་བགྲོད་གཞུང་ལམ་འཛུགས་སྐྲུན་ལ་འགོ་ཁྲིད་ཤུགས་ཆེན་བྱས།གྲོང་བགྲོད་གཞུང་ལམ་འཛུགས་སྐྲུན་གྱི་ལས་སྒྲུབ་ཚོ་ཆུང་དང་ལྟ་སྐུལ་ཚོ་ཆུང་བཙུགས་ཏེ་གྲོང་རྡལ་15དུ་བསྐྱོད་ནས་གྲོང་བགྲོད་གཞུང་ལམ་འཛུགས་སྐྲུན་ལ་ཁྲིད་སྟོན་ཤུགས་ཆེན་བྱེད་པ་དང་།གྲོང་བགྲོད་གཞུང་ལམ་འཛུགས་སྐྲུན་གྱི་སྤུས་ཚད་དང་ལས་འགན་འགྲུབ་རྒྱུའི་འགན་ཁུར་བ།སྤུས་ཀ་དམ་འཛིན་དང་སྤུས་ཚད་འགན་ལེན་མ་ལག་དོན་འཁྱོལ་བྱས་པས་མ་ཚད་གྲོང་རྡལ་གྱི་ལས་བྱེད་པ་དང་མང་ཚོགས་ལ་བརྟེན་ནས་ལས་ཡུལ་དངོས་སུ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་རེད།མིག་སྔར།རྫོང་དེས་ཞིང་ཆེན་དང་ཁུལ་གྱིས་སྤྲད་པའི་གྲོང་བགྲོད་གཞུང་ལམ་འཛུགས་སྐྲུན་གྱི་ལས་འགན་བརྒྱ་ཆ་85ལེགས་གྲུབ་བྱུང་བ་དང་།སྲིད་འཛིན་གྲོང་ཚོ་150ལྷག་གི་ཡུལ་མིས་ཕྲག་ཁུར་རྒྱབ་འགེལ་གྱི་གནས་ཚུལ་རྩ་བ་ནས་གྲོལ་བ་རེད།རྫོང་ཡོངས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་ཀྱི་འགྲིམ་འགྲུལ་མཆོང་བརྒལ་འཕེལ་རྒྱས་མངོན་དུ་འགྱུར་བར་རྨང་གཞི་ཡག་པོ་འདིང་ཡོད་པ་རེད། 
  • ལེ་ཚན་སྔོན་མ།:ནན་ཅིན་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་པོ་ཧྥང་ཡན་མིང་གིས་དར་མདོར་འཆད་ཁྲིད་གནང་།
  • ལེ་ཚན་རྗེས་མ།: རོང་བྲག་རྫོང་གིས་ཆུ་བྲུག་པའི་སྐབས་ཞིང་སྡེའི་གཞུང་ལམ་ཉེན་མེད་ཡོང་བར་ཁག་ཐེག་བྱས།
  • དོ་སྣང་ཆེ་བའི་རྩོམ།