རང་ཁུལ་གྱི་སྡེ་ཁག་མང་པོས་མཉམ་དུ་འགྲིམ་འགྲུལ་ཉེན་མེད་ཡོང་བར་ཁག་ཐེག་བྱས།

(དབྱངས་ཅན་གྱིས་བསྒྱུར།)        2013-06-17

ཕན་ནུས་ལྡན་པའི་སྒོས་གཞུང་ལམ་འགྲིམ་འགྲུལ་གྱི་བྱུར་རྐྱེན་སྔོན་འགོག་བྱས་ནས་རང་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་ཉེན་མེད་ཐོན་སྐྱེད་ཡོང་བའི་གནས་ཚུལ་བརྟན་བརླིང་ངང་ལེགས་ཕྱོགས་སུ་འགྱུར་ཆེད། ཉེ་ཆར་ཁུལ་བདེ་འཇགས་ལྟ་སྐུལ་གཞུང་ལས་ཁང་གིས 2013ལོའི་གཞུང་ལམ་འགྲིམ་འགྲུལ་ཉེན་མེད་ལས་ཀའི་མཐོན་སྦྱོར་གྲོས་ཚོགས་འཚོགས་པ་རེད།
    གྲོས་ཚོགས་ཐོག་ན་ནིང་ལོ་ནས་ད་ལོའི་ཟླ་བ4པའི་བར་ཁུལ་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་ཉེན་མེད་ཐོན་སྐྱེད་ལས་ཀའི་གཞི་རྩའི་གནས་ཚུལ་སྙན་ཞུ་བྱས་པ་དང་། ན་ནིང་ལོ་ནས་བཟུང་བྱུང་བའི་གཞུང་ལམ་འགྲིམ་འགྲུལ་གྱི་བྱུར་རྐྱེན་ཚབས་ཆེན་འགའ་བྱུང་བའི་རྒྱུ་མཚན་དང་མིག་སྔར་གཞུང་ལམ་འགྲིམ་འགྲུལ་ཉེན་མེད་ཀྱི་ལྟ་སྐུལ་དོ་དམ་ལས་ཀའི་ཁྲོད་གནས་པའི་ཞན་ཆ་ལ་དབྱེ་ཞིབ་ཟབ་མོ་བྱས་པར་མ་ཟད། གྲོང་གསེབ་ཀྱི་གཞུང་ལམ་འགྲིམ་འགྲུལ་ཉེན་མེད་དོ་དམ་གྱི་ལས་ཀར་དངོས་སུ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད། ཁུལ་རིམ་པའི་འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་གཟབ་ནན་གྱིས《2013ལོའི་གྲོང་གསེབ་ཀྱི་གཞུང་ལམ་འགྲིམ་འགྲུལ་ཉེན་མེད་དོ་དམ་ཀྱི་ལས་ཀའི་དཔྱད་ཞིབ་ཚད་བསྡུར་བྱེད་ཐབས》ཀྱི་ལས་ཀའི་བླང་བྱ་དང་དཔྱད་ཞིབ་ཀྱི་ནང་དོན་ལྟར། ཞིང་སྡེའི་གཞུམ་ལམ་འགྲིམ་འགྲུལ་ཉེན་མེད་ཀྱི་དོ་དམ་ལས་ཀར་སྐུལ་འདེད་གཏིང་ཟབ་བཏང་ནས་དངོས་ཕན་ཐོབ་པར་ཁག་ཐེག་བྱས་ནས། ཏན་ཏིག་གིས་གཞུང་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་དག་བཅོས་བྱེད་པའི་ལས་ཀར་ཤུགས་སྣོན་རྒྱག་དགོས་པ་དང་། སྤྱི་བདེ་ཉེན་རྟོག་དང་། འགྲིམ་འགྲུལ་སྐྱེལ་འདྲེན། སྐྱེལ་འདྲེན་དོ་དམ་སོགས་སྡེ་ཁག་གིས་གཞུང་ལམ་འགྲིམ་འགྲུལ་ཉེན་མེད་ཀྱི་ཆེད་གཉེར་དག་བཅོས་ལས་ཀ་སྤེལ་གང་ཐུབ་བྱས་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་སོ་སོ་དང་འགལ་བའི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ་དང་། གཞུང་ལམ་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་གཙང་སེལ་དག་བཅོས་ཀྱི་ལས་ཀ་དང་གཞུང་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་མཁན་ཁེ་ལས་ཀྱི་ཉེན་མེད་ལྟ་སྐུལ་དོ་དམ་གྱི་ལས་ཀར་ཤུགས་སྣོན་ཏན་ཏིག་རྒྱག་དགོས། ད་ལོར་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་སྣེ་ཁྲིད་བྱེད་པ་དང་ཁུལ་སྤྱི་བདེ་ཅུས། ཁུལ་ཉེན་མེད་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལས་རོགས་བྱས་ཏེ་ཁུལ་ཡོངས་ཀྱི་འགྲུལ་སྐྱེལ་ཁེ་ལས་ཀྱི་ཉེན་མེད་ཐོན་སྐྱེད་ཀྱི་གནས་ཚུལ་ལ་ཕྱོགས་བསྡུས་ཞིབ་བཤེར་ཐེངས་ཞིག་བྱས་པ་རེད།
  • ལེ་ཚན་སྔོན་མ།: བརྒྱད་ཟིལ་གྱིས་ཞིང་སྡེ་གསར་པའི་དཔེ་སྟོན་ས་ཁུལ་བཞི་འཛུགས་པ།
  • ལེ་ཚན་རྗེས་མ།: ཝེ་ཧུང་གིས་གཙོ་འགན་བཞེས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་འཚོགས་ནས་ཞིང་ཆེན་ཡོངས་ཀྱི་མ་མཐའི
  • དོ་སྣང་ཆེ་བའི་རྩོམ།