བོད་སྨན་ཆེད་མཁས་པས་འཐབ་འདོན་ཇུས་འབུལ་བྱས་ནས་རྒྱ་བོད་སྨན་རྫས་འཕེལ་རྒྱས་གཏོང་རྒྱུའི་དཀའ་གནད་སྒྲོལ།

(ལྷ་འཛོམས་ཀྱིས་བསྒྱུར།)        2013-04-09

རང་ཁུལ་གྱིས་རྒྱ་བོད་སྨན་རྫས་ཐོན་ལས་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས།
ཟླ་བ3པའི་ཚེས27ཉིན་རང་ཁུལ་གྱིས་རྒྱ་བོད་སྨན་རྫས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཡེ་ཤེས་ཟླ་བ་རྣམ་གཉིས་བཞུགས་མོལ་ཚོགས་འདུའི་ནང་ཕེབས་ཤིང་གསུང་བཤད་ཀྱང་གལ་ཆེན་གནང་།ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཞུས་ཁྲུན་ཞིའུ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས།ཧུའུ་ཁྲང་ཧྲེང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཆེད་ལས་མཁན་ཅན་དང་ཁེ་ལས་ཀྱི་འཐུས་མི་ཚོར་རང་ཁུལ་གྱི་རྒྱ་བོད་སྨན་རྫས་ཐོན་ལས་འཕེལ་རྒྱས་ཐད་ལ་འཐབ་འབུལ་ཇུས་འདོན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།
ཁོང་གིས་ནན་གསུང་གནང་དོན།རྒྱ་བོད་སྨན་གྱི་ཕོ་ནད་དང་སྙིང་ཁམས་ཁྲག་རྩའི་ནད་སོགས་ལ་ཕན་ནུས་ཆེན་པོ་ཡོད།རྒྱ་བོད་སྨན་གྱི་སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་རྒྱུན་འཛིན་བྱས་ཤིང་།ཕྱི་ལུགས་ཀྱི་སྨན་རྫས་ཞིབ་འཇུག་གསར་གཏོད་བྱེད་སྟངས་ལ་བརྟེན་ནས་སྔར་ལྷག་གིས་རྒྱ་བོད་སྨན་རྫས་འཕེལ་རྒྱས་གཏོང་རྒྱ་ཆེ་རུ་བཏང་ནས་རྒྱལ་ཡོངས་སུ་ཨང་དང་པོའི་རྒྱ་བོད་སྨན་རྫས་གྲུབ་གང་ཐུབ་བྱ་དགོས།    བཞུགས་མོལ་ཚོགས་འདུའི་ནང་ཞུགས་མཁན་ཆེད་ལས་མཁས་ཅན་འཐུས་མི་དང་ཁེ་ལས་འཐུས་མིས་རང་གི་ལྟ་སྟངས་ལྷུག་པོར་བཤད།ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་སོགས་ཀྱིས་རྒྱ་བོད་སྨན་གྱི་སྨན་བཅོས་ལག་རྩལ་ཤེས་ལྡན་མི་སྣ་མི་འདང་བའི་རྐྱེན་གྱིས་རྒྱ་བོད་སྨན་རྫས་ཀྱི་ལག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་གལ་ཧ་ཅང་ཆེན་པོ་རེད་ཅེས་གྲོས་གཞི་འདོན་པ་རེད།
  • ལེ་ཚན་སྔོན་མ།:བརྒྱད་ཟིལ་རྫོང་གིས་རྨོ་འདེབས་ལས་ཀ་ཡག་པོ་བྱས་ནས་ཡོང་འབབ་འཕར་ཐབས་བྱས།
  • ལེ་ཚན་རྗེས་མ།:འབའ་ཐང་རྫོང་ཡ་རི་སྒང་ཡུལ་ཚོས་རིག་གནས་དང་ཡ་རབས་སྤྱོད་བཟང་སློབ་པའི་བྱ་འགུལ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།