ཁུལ་རིམ་པའི་ལས་ཁུངས་ཀྱིས་ཏང་གི་འཛུགས་སྐྱོང་ལས་དོན་གྲོས་ཚོགས་འཚོགས།
(སྐལ་ཐུབ་དང་རུང་མེས། ) 2013-04-08
ཟླ་བ3པའི་ཚེས22ཉིན། ཁུལ་རིམ་པའི་ལས་ཁུངས་ཀྱིས་ཏང་གི་འཛུགས་སྐྱོང་ལས་དོན་གྲོས་ཚོགས་དེ་དར་མདོར་འཚོགས་པ་རེད། ཁུལ་ཨུའི་རྒྱུན་ཨུ། ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཏོན་ནེ་ཁེ་གྲོས་ཚོགས་སུ་ཞུགས་ཤིང་གསུང་བཤད་གནང་བ་རེད།2013ལོའི་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ཏང་འཛུགས་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙིང་དོན་གྱིས་ཁྲིད་སྟོན་བྱས་ཤིང་། ཏང་གི་སྲིད་སྐྱོང་ནུས་པ་དང་། སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་བཅས་འཛུགས་སྐྱོང་བྱ་རྒྱུ་གཙོ་གནད་དུ་བྱས་ནས། མང་ཚོགས་ལས་དོན་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏོང་བ་དང་། གཞི་རིམ་རྩ་འཛུགས་རབ་འབྲིང་མཐའ་གསུམ་བགོས་ཤིང་རིམ་པ་གོང་སྤར་གསུམ་ཞེས་པའི་བྱེད་སྒོ་ཟབ་སྤེལ་བྱ་རྒྱུ་དེ་བྱེད་ཐབས་གལ་ཆེན་དུ་བཞག་ནས། སློབ་སྦྱོང་ཅན་དང་ཞབས་ཞུ་ཅན། གསར་སྐྲུན་ཅན་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུ་དེ་དམིགས་ཚད་བྱས་ནས། ཁྱོན་ཡོངས་ནས་ལས་ཁུངས་ཀྱི་ཏང་འཛུགས་ལས་ཀར་ཤུགས་སྣོན་བརྒྱབ་སྟེ་མུ་མཐུད་དེ་ལས་ཁུངས་ཏང་འཛུགས་ལས་དོན་གྱི་ཆུ་ཚད་ཇེ་མཐོར་བཏང་སྟེ་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་བདེ་སྐྱིད་ལྡན་པའི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་ཡུལ་འགྲུབ་ཆེད་སྲ་བརྟན་གྱི་བསམ་བློ་དང་རྩ་འཛུགས་ཀྱི་འགན་སྲུང་མཁོ་འདོན་བྱ་རྒྱུ་ཡིན།
གྲོས་ཚོགས་ཐོག་ཁུལ་ཐད་གཏོགས་ལས་ཁུངས་ལས་སྒྲུབ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བས2012ལོའི་ཁུལ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་དམིགས་ཚད་དོ་དམ་སྔོན་ཐོན་སྡེ་ཁག་སྟེ་ཁུལ་ཨུའི་གཞུང་ལས་ཁང་གི་ལས་ཁུངས་ཏང་ཨུ་སོགས་ཕུལ་བྱུང་གཞི་རིམ་ཏང་རྩ་འཛུགས38ལ་བརྡ་ཁྱབ་བྱས་པ་དང་། ཁུལ་ཐད་གཏོགས་ལས་ཁུངས་ལས་སྒྲུབ་ཨུ་ལྷན་གྱི2013ལོའི་ཏང་འཛུགས་སྐྱོང་གི་ལས་དོན་གནད་བསྡུས་འགྲེམས་སྤེལ་བྱས་པའི་ཐོག་གསལ་འགྲེལ་བྱས་པ་རེད།ཏོན་ནེ་ཁེ་ཡིས2012ལོའི་ཁུལ་རིམ་པའི་ལས་ཁུངས་ཀྱིས་ཏང་གི་འཛུགས་སྐྱོང་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་གནང་ཞིང་། 2013ལོའི་ཏང་འཛུགས་ལས་དོན་ལེགས་བསྒྲུབ་ཡོང་བའི་ཆེད་དུ་བླང་བྱ་གསུམ་བཏོན་པ་སྟེ། གཅིག་ནི་ཐོག་མཐའ་བར་གསུམ་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙིང་དོན་སློབ་སྦྱོང་ལག་བསྟར་ནན་པོར་གཏོང་དགོས། གཉིས་ནི་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏོང་བའི་ཁྲོད་དུ་མཉམ་འཛུགས་མཉམ་སྐྲུན་གྱི་ལས་ཀ་གཏིང་ཟབ་ཕྱོགས་སུ་སྐུལ་སྤེལ་གང་ལེགས་གཏོང་དགོས། གསུམ་ནི་སྔ་སྲོལ་དམ་བཟུང་རྐྱང་པ་མི་བྱེད་པར་གསར་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་ནས་དངོས་དོན་གང་ཞིག་གཙོ་གཉེར་བྱེད་དགོས་པ་དང་། གང་ཞིག་ཞོར་དུ་འགྲུབ་ཡོང་བར་ཤེས་དགོས།