བྲག་འགོ་རྫོང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དྲིལ་བསྒྲགས་ལས་ཀ་ཡོངས་སུ་སྤེལ།
(དབྱངས་ཅན་གྱིས་བསྒྱུར།) 2013-03-11
ཉེ་ཆར། བྲག་འགོ་རྫོང་གིས་དམངས་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་འདུ་ཤེས་སྔར་བས་མཐོར་འདེགས་གཏོང་བ་དང་། ཁྱོན་ཡོངས་ནས་མེ་འགོག་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ། ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་མེད་པ་བཟོ་རྒྱུ་བཅས་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་གི་དྲིལ་བསྒྲགས་ལས་ཀ་ཁྱིམ་ཚང་ཡོངས་ལ་དངོས་སུ་སྤེལ་ཆེད། རྫོང་དེས་གྲོང་མདའ་དང་ནགས་ཚལ་དུ་བརྒྱུད་སའི་སམ་ཁ། རྩྭ་རའི་ཉེ་འགྲམ། མཛེས་ལྗོངས་ས་ཁུལ་སོགས་མི་མང་འཛོམ་སར་དྲིལ་བསྒྲགས་སྦྱོར་ཚིག་སྦྱར་རྒྱུ་དང་འབྲི་རྒྱུ་བྱས་པ་དང་། རྒྱང་བསྒྲགས་དང་བརྙན་འཕྲིན།བྲག་འགོའི་ལག་ཁྱེར་ཁ་པར་གྱི་ཚགས་པར་སོགས་མཚམས་སྦྱོར་ཐབས་ལམ་ཐོག་ནས《ནགས་ཚལ་མེ་འགོག་གི་ཁྲིམས་སྲོལ》དྲིལ་བསྒྲགས་ཤུགས་ཆེན་བྱས་པ་དང་《བྲག་འགོ་རྫོང་གི་མེ་སྐྱོན་གསོད་ཐབས་ཀྱི་གསོ་སྦྱོང་སློབ་དེབ》བཟོས་འགོད་བྱས་ནས་ལས་བཟོའི་ཨུ་ལྷན་དང་། ཤང་དང་གྲོང་རྡལ་སོ་སོ། རྫོང་མེ་གསོད་རུ་ཁག་བཅས་ལ་མེ་གསོད་ཉེན་མེད་ཡོང་བའི་གསོ་སྐྱོང་སྦྱོང་རྡར་བྱས། མེ་འགོག་ཤེས་བྱ་དུད་ཚང་དང་སློབ་གྲྭ་ལ་དྲིལ་བསྒྲགས་བྱེད་སྒོ་ཤུགས་ཆེན་སྤེལ་བ་སོགས་ཀྱི་བྱེད་ཐབས་སྤྱད་པ་རེད། ལས་སྒྲུབ་ཚོ་ཆུང་གིས་རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང25དང་རྫོང་ཡོངས་ཀྱི་ཞིང་སྡེའི་འབྲོག་ར་ཡོངས་ལ་ཕྱིན་ནས་དྲིལ་བསྒྲགས་ལས་ཀ་སྒོ་ཁར་སྐྱེལ་བའི་བྱེད་སྒོ་སྤེལ་བ་རེད། དྲིལ་བསྒྲགས་བྱེད་སྒོ་དེ་རྫོང་་ཁོངས་ཡོངས་ལ་ཁེབས་ཐུབ་པར་མ་ཟད《སློབ་གྲྭ་འབྲིང་ཆུང་གི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོ་དྲིལ་བསྒྲགས་ལག་དེབ》དང་《བྲག་འགོ་རྫོང་གི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དྲིལ་བསྒྲགས་ལག་དེབ》སོགས་ལག་དེབ50000ལྷག་དཔར་འགྲེམ་བྱས་པ་རེད།