དར་མདོ་རྫོང་ཁྲིམས་འཛུགས་འགོ་ཁྲིད་ཚོ་ཆུང་གི་གཞུང་ལས་ཁང་གིས་ཁྲིམས་ལུགས་གྲོང་གསེབ་ཏུ་སྐྱེལ་བའི་བྱེད་སྒོ་སྤེལ།

        2013-01-29

 ཟླ་བ་དང་པོའི་ཚེས4ཉིན། དར་མདོ་རྫོང་ཁྲིམས་འཛུགས་འགོ་ཁྲིད་ཚོ་ཆུང་གི་གཞུང་ལས་ཁང་ལས་གྲུབ་པའི་བཅའ་ཁྲིམས་སྒྲོག་འགྲེལ་ཚོ་ཆུང་ལྷ་སྒང་ཤང་ལྕམ་པ་གྲོང་ཚོར་ཕྱིར་ནས་བཅའ་ཁྲིམས་གྲོང་གསེབ་ཏུ་སྐྱེལ་བའི་བྱེད་སྒོ་སྤེལ་བ་རེད།
    བྱེད་སྒོའི་ཁྲོད་སྒྲོག་འགྲེལ་མི་སྣས་བྱེད་སྒོའི་ནང་ཞུགས་པའི་མང་ཚོགས་ལ་འཆར་ལྡན་བུ་བཙའ་དང་། དམངས་སྲིད། འབྲོག་པའི་གཞིས་ཆགས་ལས་ཀ་སོགས་ཀྱི་དམངས་ཕན་སྲིད་ཇུས་དང་། སྤྱི་ཚོགས་བརྟན་བརླིང་ཡོང་བར་སྲུང་སྐྱོང་། བདེ་འཇགས་ཐོན་སྐྱེད། དམངས་དོན་འགན་སྲུང་བྱ་རྒྱུ་སོགས་སྐོར་གྱིཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱ་སྒྲོག་འགྲེལ་བྱས་པ་དང་། ཐེངས་འདིའི་བཅའ་ཁྲིམས་སྒྲོག་འགྲེལ་གྱི་ལས་ཀ་དེས་སྔར་ལས་ལྷག་པར་སྤྱི་དམངས་ཀྱི་བཅའ་ཁྲིམས་མདུན་དུ་ཚང་མ་འདྲ་མཉམ་ཡིན་པའི་འདུ་ཤེས་དང་། དབང་ཆ་དང་འོས་འགན་གཅིག་མཚུངས་ཡིན་པའི་འདུ་ཤེས། དྲང་བདེན་དང་དྲང་གཞག་གི་འདུ་ཤེས་བཅས་ཇེ་དྲག་ཏུ་བཏང་ནས། རྒྱུན་མཐུད་དེ་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་སྲུང་སྐྱོང་བྱ་རྒྱུ་དང་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པ་བདེ་བླག་ངང་སྐུལ་སྤེལ་གཏོང་བར་རྨང་གཞི་ཡག་པོ་བཏིང་བ་རེད།
    ཐེངས་འདིའི་བྱེད་སྒོའི་ནང་མང་ཚོགས་ལ་བོད་སྐད་ཡིག་རིགས་ཀྱི་ཐོག་ནས་ཁྱོན་བསྡོམས་བཅའ་ཁྲིམས་དྲིལ་བསྒྲགས་ཀྱི་ལག་དེབ152དང་། 《མི་དམངས་བར་འདུམ་གྱི་ཁྲིམས་སྲོལ།》ལག་དེབ175 དྲིལ་བསྒྲགས་འགེལ་རིས200བཅས་སྤྲད་ཡོད་པ་དང་། ཡུལ་དངོས་སུ་བཅའ་ཁྲིམས་ཀྱི་བློ་འདྲི་བྱེད་མཁན་མི་གྲངས་དང་ཐེངས་གྲངས20ལྷག་ལ་དྲིས་ལེན་བརྒྱབ་པ་རེད།
  • ལེ་ཚན་སྔོན་མ།: སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་ཁྲེང་ཏུའུ་རུ་ཚོ
  • ལེ་ཚན་རྗེས་མ།: འབའ་ཐང་རྫོང་གིས་ཞིང་པ་གླ་པའི་གླ་ཕོགས་དུས་འགྱངས་ཆད་ལུས་ཀྱི་གནད་དོན་ཐག་གཅོད་བྱེད་གང་ཐུབ་བྱས།
  • དོ་སྣང་ཆེ་བའི་རྩོམ།