རྟའུ་རྫོང་གིས་བྱེད་སྒོ་བཅུ་སྤེལ་ནས་མང་ཚོགས་ལས་གྲྭར་སྐུལ་འདེད་བཏང་།

(ཨན་རུང་མེས་བསྒྱུར།)        2012-12-17

ཏན་ཏིག་དང་ནུས་ལྡན་གྱི་སྒོ་ནས་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏོང་ཆེད།རྟའུ་རྫོང་གིས་སྔར་ལས་ལྷག་པར་བྱེད་སྟངས་གསར་གཏོད་དང་།ནང་དོན་ཕུན་སུམ་ཚོགས་པོ།གནད་ཆེ་ས་མངོན་གསལ་དོད་པོ་བཅས་ཀྱི་བྱེད་སྒོ་བཅུ་སྤེལ་ནས་མང་ཚོགས་ལས་ཀ་ཡོངས་སུ་སྤེལ་བར་སྐུལ་འདེད་གཏོང་ཡོད་པ་སྟེ།
--ཆེས་དཀའ་ངལ་ཡོད་པ་དང་ནད་ལྕི་པོ་ཕོག་མཁན་དུད་ཚང་ལ་རོགས་སྐྱོར་བྱེད་སྒོ་སྤེལ་བ། རྫོང་དེས་མང་ཚོགས་ལས་ཀ་སྤེལ་དུས་ཞིང་འབྲོག་ས་ཁུལ་དུ་ཕྱིན་ནས་ཆེས་དཀའ་ངལ་ཡོད་པ་དང་ནད་ལྕི་པོ་ཕོག་མཁན་དུད་ཚང་ཞིབ་བཤེར་བྱས་ནས་ཞིང་སྡེའི་མཉམ་ལས་སྨན་བཅོས་ཀྱི་ལམ་ལུགས་གསར་པ་ནང་ཅུང་རྩིས་ཞུ་དང་།དམངས་སྲིད་སྡེ་ཁག་གིས་རོགས་སྐྱོར་ཅུང་བྱེད་པ།སྤྱི་ཚོགས་ཀྱིས་རོགས་སྐྱོར་ཞལ་འདེབས་ཅུང་བྱེད་པ།ནོར་སྲིད་ཀྱིས་ཁ་གསབ་ཅུང་བྱེད་པ་བཅས་ཀྱི་བྱེད་ཐབས་གསར་པ་འཚོལ་ཞིབ་བྱས་ནས་ཆེས་དཀའ་ངལ་ཡོད་པ་དང་ནད་ལྕི་པོ་ཕོག་ལ་སྨན་བཅོས་རོགས་སྐྱོར་བྱས་པ་རེད།
--ཆེས་དཀའ་ངལ་ཡོད་པའི་དུད་ཚང་ལ་རོགས་སྐྱོར་བྱེད་སྒོ་སྤེལ་བ།རྫོང་དེས་བརྟག་དཔྱད་མཐིལ་ལོན་གྱི་ལས་ཀ་སྤེལ་བར་བརྒྱུད།ཁང་པ་དང་ཕྱུགས་ཟོག་མེད་པ་དང་འཚོ་བ་ཐད་ཆེས་དཀའ་ངལ་ཡོད་པའི་ཞིང་འབྲོག་དུད་ཚང་གི་གནས་ཚུལ་ཁོང་དུ་ཆུད་ནས་དམངས་ཕན་གྱི་སྲིད་ཇུས་དང་དབུལ་སྐྱོར་གསར་སྦོལ་རྣམ་གྲངས་ཐད་གཙོ་གནད་དུ་ཆེས་དཀའ་ངལ་ཡོད་མཁན་ལ་ཕྱོགས་པ་སོགས་ཀྱི་བྱེད་སྟངས་སྤྱད་ནས་ཁོ་ཚོར་རྒྱབ་སྐྱོར་དང་འཚོ་བའི་དཀའ་ངལ་ཐག་གཅོད་རོགས་བྱེད་པ།
--གཞི་རིམ་གྱི་འགལ་བ་ཞིབ་བཤེར་དང་མེད་པ་བཟོ་བའི་བྱེད་སྒོ་སྤེལ་བ། རྫོང་དེས་རྫོང་ཡོངས་སུ་གཞི་རིམ་གྱི་འགལ་བ་དང་རྩོད་གཞི་ཞིབ་བཤེར་དང་མེད་པ་བཟོ་བའི་བྱེད་སྒོ་སྤེལ་ནས་དུས་ཐོག་ཏུ་འགལ་བ་དང་རྩོད་གཞི་མེད་པ་བཟོས་ཏེ་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་གང་ཐུབ་བྱས་པ།
--ལས་བྱེད་པ་དང་མང་ཚོགས་ཀྱི་ལས་ནུས་བསྡུར་བའི་བྱེད་སྒོ་སྤེལ་བ།རྫོང་དེས་མང་ཚོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་གཞི་འཛིན་ས་དང་།ལས་བྱེད་པ་དང་ལས་བཟོ་ཚོས་མང་ཚོགས་ལས་ཀ་སྤེལ་ནུས་མཐོ་རུ་གཏོང་བ་དེ་དམིགས་ཡུལ།མང་ཚོགས་ལས་ཀ་དང་མི་རིགས་ཆོས་ལུགས།དམངས་ཕན་སྲིད་ཇུས་སོགས་ཀྱི་ནང་དོན་བྱས་ནས་ལས་ཁུངས་དང་རིམ་པ་བགོས་ནས་མང་ཚོགས་ལས་ཀ་བྱེད་ནུས་བསྡུར་བའི་ལས་ཀ་སྤེལ་བ།
--འཆམ་མཐུན་གྱི་དགོན་པ་བསྐྲུན་པའི་བྱེད་སྒོ་སྤེལ་བ།རྫོང་དེའི་ནོར་སྲིད་ཀྱིས་སྒོར་ཁྲི100བཏང་ནས་འཆམ་མཐུན་གྱི་དགོན་པ་བསྐྲུན་རྒྱུའི་བྱེད་སྒོ་སྤེལ་བ།
--རྫོང་དེས་མཐུན་སྒྲིལ་གྱི་རྟའུ་དང་ཁྲིམས་ལྡན་གྱི་རྟའུ།ཕྱུག་འགྱུར་གྱི་རྟའུ།མེ་ཏོག་ལྡུམ་ར་ལྟ་བུའི་རྟའུ་བཅས་བསྐྲུན་རྒྱུའི་གྲོས་བསྡུར་བྱེད་སྒོ་སྤེལ་བ།
--རྫོང་དེས་ཞིང་འབྲོག་པའི་ཏང་ཡོན་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་དྲིན་ལན་འཇལ་རྒྱུའི་སློབ་གསོ།དམངས་ཕན་དམངས་ཕྱུག་གི་སྲིད་ཇུས་དྲིལ་བསྒྲགས་སོགས་ཀྱི་བྱེད་སྒོ་སྤེལ་བ།
--མང་ཚོགས་ལས་ཀ་སྤེལ་རིང་གཞི་རིམ་དུ་ཕྱིན་པ་དང་དོན་དངོས་བསྒྲུབས་པ།མང་ཚོགས་ཀྱིས་བརྩི་བཀུར་བྱེད་པ་བཅས་ཀྱི་ལས་བྱེད་པ་དང་ལས་བཟོ་ལ་བསྟོད་ར་དང་བྱ་དགའ་སྤྲོད་པའི་བྱེད་སྒོ་སྤེལ་བ།
--ལོ་རེར་རྫོང་ཡོངས་སུ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཡིན་པ་དང་།ལས་ཀའི་སྤྱོད་ཚུལ་བཟང་བ།ལས་འགན་སྒྲུབ་ཚུལ་བཟང་བ་སོགས་ཀྱི་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན20འདེམས་བསྐོ་དང་བསྟོད་རའི་བྱེད་སྒོ་སྤེལ་བ།
--རྫོང་དེས་མི་རིགས་བར་མཐུན་སྒྲིལ་ཡག་པོ་བྱེད་མཁན་དང་།སྒྲིག་ཁྲིམས་ཡག་པོ་སྲུང་མཁན།ཕྱུག་འགྱུར་གྱི་སྣེ་ཡག་པོ་ཁྲིད་མཁན།བུ་ཕྲུག་སློབ་གྲྭ་ནང་མངགས་མཁན་བཅས་ཀྱི་ཞིབ་འབྲོག་པ་འདེམས་བསྐོའི་བྱེད་སྒོ་སྤེལ་བར་མ་ཟད་བྱ་དགའ་ཡང་སྤྲད་པ།
  • ལེ་ཚན་སྔོན་མ།:འབའ་ཐང་རྫོང་གིས་གསུམ་ཟུང་འབྲེལ་བྱས་ཏེ་ཉེ་གཉེན་སྒྲིག་པའི་ལས་ཀར་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:དཀའ་ངལ་སེལ་རྒྱུ་ནི་མང་ཚོགས་ལས་ཀའི་རྩ་བའི་ཐབས་ཇུས་སུ་གྱུར།
  • དོ་སྣང་ཆེ་བའི་རྩོམ།