བརྒྱད་ཟིལ་རྫོང་གིས་ཚོགས་ཆེན་བཅོ་བརྒྱད་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
(སྐལ་བཟང་ཐུབ་བསྟན་གྱིས་བསྒྱུར།) 2012-12-13
ཟླ་བ12པའི་ཚེས3ཉིན། བརྒྱད་ཟིལ་རྫོང་ཨུའི་ལྟེ་གནས་སློབ་སྦྱོང་ཚོ་ཁག་གིས་ཉིན་གཅིག་རིང་གི་མཉམ་འཛོམས་སློབ་སྦྱོང་གྲོས་ཚོགས་འཚོགས་པ་རེད། གྲོས་ཚོགས་ཐོག་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་མཚན་ཉིད་རིག་པ་པུའུ་ཡི་ཀྲུའུ་རེན་དང་། རབ་འབྱམས་པའི་ཁྲིད་སྟོན་པ་སློབ་དཔོན་ཆེན་པོ་ཧོང་ཧའེ་གདན་འདྲེན་ཞུས་ནས་སློབ་ཁྲིད་གནང་བ་དང་། སྔར་ལྷག་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙིང་དོན་དྲིལ་བསྒྲགས་ལག་བསྟར་ཡག་པོ་གཏོང་བར་འཆར་གཞི་བཞག་པ་མ་ཚད། ཚོགས་ཞུགས་ལས་བྱེད་པ་དང་འགོ་ཁྲིད་ཡོངས་ལ་སྲིད་གཙང་སྐྱོང་བའི་ཏང་གི་སློབ་ཚན་གྱི་སློབ་གསོ་བྱས་པ་རེད། རྫོང་དེས་བརྟག་ཞིབ་ནན་ཏན་དང་ཇུས་འགོད་སྔོན་ནས་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་གཏོང་བ་དང་ལས་དོན་ཁག་ལ་སྐུལ་སྤེལ་གཏོང་བ་དང་ཟུང་འབྲེལ་བྱས་ནས། ཏང་འཛུགས་སྐྲུན་གྱི་རྨང་གཞི་སྲ་བརྟན་གཏོང་ཞིང་། ནུས་ཤུགས་ཡོད་དགུས་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པ། མང་ཚོགས་ལས་དོན་གཏིང་ཟབ་སྤེལ་བ། སློབ་གསོ་འཕེལ་རྒྱས་སྔོན་དུ་འཇོག་པ། འགྲིམ་འགྲུལ་འཛུགས་སྐྲུན་མངོན་གསལ་འདོན་པ། ཐོན་ལས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོ གས་སུ་གཏོང་བ། ནུས་ཤུགས་ཆེན་པོས་དམངས་འཚོ་ལེགས་བཅོས་བྱེད་པ་བཅས་ཕྱོགས་བརྒྱད་ཀྱི་ཐད་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙིང་དོན་དོན་འཁྱོལ་དངོས་སུ་བྱས་ནས། 2016ལོར་བསླེབ་ཚེ་ལྡབ་འགྱུར་བཞི་དང་མཆོང་བརྒལ་ལྔའི་འབད་འཐབ་དམིགས་ཡུལ་འགྲུབ་པར་ཁག་ཐེག་བྱས་པ་རེད།