འདབ་པ་རྫོང་བུད་མེད་ཉེན་རྟོག་པས“གཉེན་གསར་ཨ་མ”སྨན་བསྟེན་སར་ཁྲིད།

(ཀུན་དགས་བསྒྱུར།)        2012-10-15

 ཉེ་ཆར། འདབ་པ་རྫོང་སྤྱི་བདེ་ཅུས་ཉེན་རྟོག་ལས་དོན་འགན་སྲུང་ཁང་དུ་རྒན་མོ་ཞིག་འོང་ནས་ཉེན་རྟོག་པ་“བུ་མོ”ཡེ་ཤེས་ལྷ་མོ་བཙལ་དུ་ཡོང་བ་རེད།
     རྒན་མོ་དེ་ནི་ཡུན་རིང་མ་འགོར་པར“ཉེ་གཉེན་སྒྲིག་པའི”བྱེད་སྒོའི་ཁྲོད་དུ་རྫོང་སྤྱི་བདེ་ཅུས་ཉེན་རྟོག་ལས་དོན་འགན་སྲུང་ཁང་གི་ཀྲུའུ་རེན་ཡེ་ཤེས་ལྷ་མོས་གསུམ་འདུས་ཤང་གྲོང་སྡེ་གསུམ་པར་ཉེ་གཉེན་སྒྲིག་་པའི་ལྔ་སྐྱོབ་དུད་ཚང་གི་ཚེ་དབང་ལྷ་མོ་རེད། སྐབས་དེར། ཡེ་ཤེས་ལྷ་མོས་ཁོ་མོའི་འཚོ་བའི་དཀའ་ངལ་དང་ལུས་ཁམས་མི་བདེ་བ། རྫོང་ཐོག་ཏུ་སྨན་བཅོས་བྱེད་ས་འགྲོ་དཀའ་བའི་གནས་ཚུལ་བཅས་ལ་དམིགས་ནས་རང་འགུལ་གྱིས་ཚེ་དབང་ལྷ་མོ་རྫོང་ཐོག་ཏུ་སྨན་བཅོས་བྱེད་སར་བོས་པ་རེད། ཡེ་ཤེས་ལྷ་མོས“ཉེ་གཉེན་སྒྲིག་པའི་ཨ་མ”རྫོང་ཐོག་ཏུ་སྨན་བཅོས་བྱེད་ས་འོང་བ་མཐོང་མ་ཐག་ལག་ཏུ་སྒྲུབ་བཞིན་པའི་ལས་ཀ་མཚམས་བཞག་ནས་རང་གི་ཁྱིམ་མི་ནང་བཞིན་ལྟ་སྐྱོང་ཡག་པོ་བྱས་ནས་རྫོང་སྨན་ཁང་དུ་སྨན་བཅོས་བྱེད་སར་ཁྲིད་པ་རེད། ཡེ་ཤེས་ལྷ་མོས་ཨ་མའི་ཆེད་དུ་བྲེལ་འཚུབ་ཆེན་པོས་སྐབས་རེར་སྨན་བཅོས་སྨན་པ་དང་འབྲེལ་བ་བྱས་པ་དང་མཚམས་རེར་ཁོ་ཚོའི་བར་དུ་སྐད་བསྒྱུར་བྱས། མཚམས་རེར་ཨང་ཐོ་འགོད་པས་མ་ཚད་སྒོ་བསྟེན་སྨན་བཅོས་ཀྱི་སྨན་རིན་ཡང་སྤྲད་པ་རེད། མོའི་སེམས་ཁུར་དང་ཞིབ་ཚགས་ལྟ་སྐྱོང་གི་བྱ་སྤྱོད་དེར་སྨན་པ་དང་ནད་པ་ཚང་མས་གཅིག་མཐུན་གྱིས་གདེང་འཇོག་ཡག་པོ་ཐོབ། སྨན་བཅོས་ཚར་ནས་སྨན་ཁང་ལས་ཕྱིར་ཐོན་དུས་ཡེ་ཤེས་ལྷ་མོས་ད་དུང་ཨ་མར་འཚོ་བའི་སྤྱོད་ཆས་ཉོས་པས་མ་ཚད།ཕྱིན་ཆད་འབྲེལ་ཡོད་སྲིད་ཇུས་ལྟར་ཨ་མའི་ཆེད་དུ་དམིགས་བསལ་གྱི་སྒོ་བསྟེན་སྨན་བཅོས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་པར་བརྩོན་ལེན་བྱས་ནས་འོས་འཚམ་གྱིས་སྨན་བཅོས་ཀྱི་ཁུར་པོ་ཇེ་ཡང་གཏང་རྒྱུ་ཡིན་པ་རེད།
  • ལེ་ཚན་སྔོན་མ།:གསེར་ཐར་རྫོང་གིས་ཕྱོགས་དགུའི་ཐད་ནས་མཉམ་འཛུགས་མཉམ་སྐྲུན་གྱི་བྱེད་སྒོ་སྤེལ་བར་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:ལི་ཁྲུན་ཁྲེང་གིས་དར་མདོ་རྫོང་ར་རྔ་ཁ་གྲོང་རྡལ་གྱི་མགོ་ལོག་ཐོག་གྲོང་སྡེ་གསུམ་པར་བརྟག་དཔྱད་ཞིབ་འཇུག་གནང
  • དོ་སྣང་ཆེ་བའི་རྩོམ།