ཁུལ་ཡོངས་ཀྱི་“བདེ་སྐྱིད་ལས་གྲྭ་”ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ།

        2012-10-15

བདེ་སྐྱིད་ལས་གྲྭའི་བྱ་སྤྱོད་སྤེལ་བ་ནས་བཟུང་།ཁུལ་ཡོངས་ཀྱི་གོང་འོག་ཀུན་ཏུ་བློ་རྩེ་གཅིག་སྒྲིམ་གྱིས་ལས་ཀ་ཁག་གོ་རིམ་ཡོད་པའི་སྒོ་ནས་སྐུལ་སྤེལ་བཏང་བས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་རེད།
གཅིག  ཞིང་སྡེའི་ལོག་ཉེན་ཡོད་པའི་སྡོད་ཁང་བསྒྱུར་བཀོད་བྱས་ཡོད།མིག་སྔའིབར་དུ་སླེབས་དུས།རང་ཁུལ་གྱི་ཞིང་པའི་དུད་ཚང7814ལ་ལོག་ཉེན་ཡོད་པའི་ཁང་པ་བསྒྱུར་བཀོད་བྱ་རྒྱུ་ཚང་མ་ལས་འགོ་བཙུགས་ཏེ་སྒོ་ཀུན་ནས་འཛུགས་སྐྲུན་རང་བཞིན་གྱི་དུས་རིམ་དུ་སླེབས་ཤིང་།སྡོད་ཁང་ལོག་ཉེན་ཡོད་པའི་དུད་ཚང3024ལ་ཁང་པ་བསྒྱུར་བཀོད་བྱ་རྒྱུ་གྲུབ་པ།མ་དངུལ་སྒོར་ཁྲི1814.4བཏང་བ་རེད།
གཉིས།འགན་སྲུང་རང་བཞིན་གྱི་སྡོད་ཁང་སྐོར།གླ་ཆུང་སྡོད་ཁང་ཚང་མ་ཨར་རྒྱག་གི་དུས་རིམ་དུ་སླེབས་ཡོད།སྤྱི་པའི་གླ་ཆུང་སྡོད་ཁང་དེ་རྫོང་དགུ་ཡིས་ལས་འགོ་བཙུགས་ཤིང་འཛུགས་སྐྲུན་བྱས་པ་དང་།རྫོང་གཉིས་ཀྱིས་ཉེ་དུས་སུ་ལས་འགོ་ཚུགས་པ།རྫོང་ལྔའི་ཉེ་དུས་ནང་ཨར་ལས་རྒྱག་འགོ་ཚུགས་པ།གླ་ཆུང་གོང་བདེའི་སྡོད་ཁང་དེ་རྫོང་གཉིས་ཀྱིས་ལས་འགོ་བཙུགས་ནས་འཛུགས་སྐྲུན་བྱེད་བཞིན་ཡོད་པ།གྲོང་ཁུལ་གྱི་སྤྱིལ་ཁང་བསྒྱུར་བཀོད་བྱ་རྒྱུ་དེ་རྫོང་བཅུ་གསུམ་གྱི་ལས་འགོ་བཙུགས་ནས་འཛུགས་སྐྲུན་བྱེད་བཞིན་པ།རྫོང་ལྔ་ཡིས་ཉེ་དུས་སུ་ལས་འགོ་ཚུགས་པ།གླ་ཆུང་སྡོད་ཁང་གི་ཁང་གླ་ཁ་གསབ་བྱ་རྒྱུ་དེ་རྫོང་བཞིས་སྤྲད་ཚར་བ།དུད་ཚང་ཁྱོན་བསྡོམས1560ལ་སྤྲད་པ།རྫོང་བཅུ་བཞིས་ལོ་མཇུག་གི་སྔོན་དུ་སྤྲོད་ཐེངས་གཅིག་ལ་སྤྲོད་ཐུབ་པ་བྱ་རྒྱུ་རེད།
གསུམ།སྤྱིལ་ཁང་བསྒྱུར་བཀོད་སྐོར།མིག་སྔའི་བར་དུ་སླེབས་དུས།དུད་ཚང11331གི་སྤྱིལ་ཁང་བསྒྱུར་བཀོད་བྱས་པ།དུད་ཚང272ཀྱི་བསྒྱུར་བཀོད་ལས་འགན་གྲུབ་པས།ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ24བཟུང་བ་རེད།
བཞི  ས་གཤིས་ཀྱི་གནོད་འཚེ་ཉེན་གཡོལ་བྱེད་པའི་གནས་སྤོའི་སྐོར།མིག་སྔའི་བར་དུ་སླེབས་དུས་དུད་ཚང628ཀྱི་ས་གཤིས་ཀྱི་གནོད་འཚེ་ཉེན་གཡོལ་གནས་སྤོ་བྱ་རྒྱུ་ཚང་མ་ལས་འགོ་བཙུགས་ཚར་བ།དུད་ཚང481གྲུབ་པ་དང་།མ་དངུལ་སྒོར་ཁྲི794ལག་ཐོག་འབྱོར་བ།ཁག་དབྱེ་ནས་དར་མདོ་རྫོང་གིས་སྒོར་ཁྲི32བཏང་བ་དང་།རོང་བྲག་རྫོང་གིས་སྒོར་ཁྲི90བཏང་བ།བརྒྱད་ཟིལ་རྫོང་གིས་སྒོར་ཁྲི35.2བཏང་བ།རྟའུ་རྫོང་གིས་སྒོར90བཏང་བ།བྲག་འགོ་རྫོང་གིས་སྒོར48བཏང་བ།གསེར་ཐར་རྫོང་གིས་སྒོར་ཁྲི་64བཏང།དཀར་མཛེས་རྫོང་གིས་སྒོར་ཁྲི160བཏང་བ།དཔལ་ཡུལ་རྫོང་གིས་སྒོར་ཁྲི16བཏང་བ།སྡེ་དགེ་རྫོང་གིས་སྒོར་ཁྲི24བཏང་བ།སེར་ཤུལ་རྫོང་གིས་སྒོར་ཁྲི16བཏང་བ།འབའ་ཐང་རྫོང་གིས་སྒོར་ཁྲི96བཏང་བ།ལི་ཐང་རྫོང་གིས་སྒོར་ཁྲི48བཏང་བ།འདབ་པ་རྫོང་གིས་སྒོར་ཁྲི48བཏང་བ།ཕྱག་ཕྲེང་རྫོང་གིས་སྒོར་ཁྲི64བཏང་བ།སྡེ་རོང་རྫོང་གིས་སྒོར་ཁྲི48བཏང་བ་རེད།
  • ལེ་ཚན་སྔོན་མ།:ལོ་ངོ་བརྒྱ་ཡི་རེ་འབྲས་སྨིན་པའི་ཉིན་མོ།
  • ལེ་ཚན་རྗེས་མ།:དྭ་ཕྲུག་ལ་བདེ་དྲོད་ཁེངས་པའི་ཁྱིམ་གཞིས་ཡོད།
  • དོ་སྣང་ཆེ་བའི་རྩོམ།